e-texts navigator
Collection
Volume
Page
Wylie

150b1 འཇིགས་པར་བྱེད།།རྡོ་རྗེའི་སྐུ་ལ་ཕྱག་འཚམ།།དེ་སྐད་རྡོ་རྗེ་ལྷ་མ་ལཱ།།ལྷ་ལ་སོགས་པ་ཐམས་ཅད་ཀྱིས།།རྨད་བྱུང་བསྟོད་པའི་རྒྱལ་པོ་དེས།།བསྟོད་པའི་དེ་མ་ཐག་ཏུ་ནི།།ལྷ་མ་ག
150b2 མདངས་ཆེར་སྐྱེས་ནས།།རང་གི་སྙིང་པོ་འདི་གསུངས།།ོཾ་བཛྲ་ཤྲཱི་ཁཱ་ལོ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།རིག་པ་གཟུངས་ཀྱི་ཕྲེང་བ་འམ།།གསང་སྔགས་འདི་ཉིད་བཤད་ཙམ་གྱིས།།རིམས་དང་ཤུ
150b3 བ་གཡན་པ་དང་།།ལྷོག་པ་ཤ་བཀྲ་མཛེ་ནད་འབྲས།།ཀླད་ནད་མིག་ནད་རྣ་ནད་དང་།།ལྐོག་ནད་གློ་མཚན་ནད་རྣམས་དང་།།རྒྱུ་གཟེར་སྙིང་ནད་མཁལ་ནད་དང་།།རྐང་ཁྲག་ནད་དང
150b4 ཁྱབ་པར་ན།།ཆུ་སེར་ནང་དང་ཁྲག་ནད་དང་།།བད་ཀན་རླུང་དང་མཁྲིས་པ་དང་།།ཤིན་ཏུ་འཁྲུགས་པའི་ནད་ལ་སོགས།།ཡམས་ནད་ཐམས་ཅད་ཞི་བར་བྱེད།།གཞན་ཡང་འབྱུང
150b5 པོ་བརྗེད་བྱེད་དང་།།ཤ་ཟ་མཁའ་འགྲོ་མ་མོ་དང་།།གཟའ་དང་རྒྱུ་སྐར་ཡོག་འདྲེན་དང་།།བྱད་སྙོམས་དྲག་པོ་ཕྱི་རོལ་གྱི།།རིག་སྔགས་གཏུམ་པོ་ལ་སོགས་པ།།འཇིགས་པའི་གནོད
150b6 པ་ཐམས་ཅད་ཀུན།།རླུང་གི་སྤྲིན་བཞིན་གཏོར་བར་བྱེད།།གཞན་ཡང་སྟག་གཟིག་དོམ་དྲང་དང་།།འཕརོ་བ་སྤྱང་ཀི་གུང་པོ་ཆེ།།སྲེ་མོང་བྱི་བ་སྦྲུལ་བྱི་ལ།།སྦྲང་བུ་མཆུ་རིངས
150b7 བཏྲེ་ཀ།ཁྭ་དང་སེའུ་ཊུའུ་རྟ་ལཾ་སོགས།།འཇིགས་པ་རྣམས་མང་ཇི་སྙེད་པ།།གསང་སྔགས་འདི་བརྗོད་ཐོས་ཙམ་གྱིས།།ཐག་རིངསུ་ནི་སྐྲོད་པར་བྱེད།།གནོད་པ་རྣམ་མ




iiif viewer powered by OpenSeadragon

150a - 151a

Texts on this page

N500 - 'phags ma rdo rje lu gu rgyud ma'i rgyud kyi rtog pa