| | e-texts navigator
|
150a1 པའི་རྒྱལ་པོས་བསྟོད།།ེ་མའི་བདེ་བ་རྗེ་མཆོག་དཔལ་ཉིད་ལས།།རྒྱས་པ་སྟོབས་སྐྱེས་བཀྲ་ཤིས་ཀྱིས།།ལྷ་མོས་ཧཱུཾ་བརྗོད་ཙམ་ཉིད་ལས།།ན་མཁའི་ཁམསུ་གྲག
150a2 པར་འགྱུར།།བདེ་ཆེན་ཡེ་ཤེས་མངའ་བདག་ཉིད།།རྡོ་རྗེ་ཞེས་པའི་མཚན་ལྡན་པའི།ལྷ་མོ་ལུ་གུ་རྒྱུད་མ་ལ།།བདག་ཅག་རྣམས་ཀྱིས་གུས་པར་འདུད།།སྐུ་ཡི་འོད་ཟེར་སྣ
150a3 ཚོགས་ཀྱིས།།འགྲོ་བའི་ཉོན་མོངས་སེལ་བྱེད་པའི།།འོད་ཀྱིས་བདག་ལ་བདེ་བ་སྐྱེས།།ལྷ་མོ་བདེ་བོ་ཁྱོད་ཕྱག་འཚལ།།སྟོང་ཉིད་སྨོན་མེད་མཚན་མ་བྲལ།།རྒྱལ་བ་ཀུན་གྱི
150a4 རིག་པ་ལས།།ཡ་མཚན་ལྷ་མོའི་རང་བཞིན་ཐུགས།།མི་རྟོག་རང་བཞིན་ཕྱག་འཚོ་ལོ།།དེ་རྗེས་རྒྱལ་པོ་ཀུན་འདུས་པའི།།གཟུགས་སོགས་རིག་པའི་ལྷ་མོ་ཡིས།།འཁོར་ལོ
150a5 འདྲི་ལ་ལེགས་མཆོད་ནས།།མགྲིན་གཅིག་ཏུ་ནི་འདུས་ནསུ།།སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི།།རྡོ་རྗེ་ཆོ་ག་གིས་བསྟོད་པར་བྱེད།།རྡོ་རྗེ་ན་མཁའ་ལས་བྱུང་བའི།།ས་དྱས
150a6 ཐམས་ཅད་སྐྱེད་པའི་ཡུམ།།སྤྲོས་བྲལ་ན་མཁའི་རང་བཞིན་གསལ།།རྡོ་རྗེ་ཐུགས་ལ་ཕྱག་འཚལ།།རྡོ་རྗེ་གཟུགས་ཀྱི་སྒྲ་ཡིས་ནི།།ལྷ་ཚོགས་མ་ལུས་རྣམ་འཚོང་མཛད།།
150a7 བདུད་རྣམས་ཚར་གཅོད་རྡོ་རྗེ་སྒྲ།།ན་མཁའི་གསུང་ལ་ཕྱག་འཚལ་བསྟོད།།འགྲོ་དྲུག་བདུད་འཇོམས་ཞལ་དྲུག་མ།།ཕྱི་ནང་རྟེན་འབྲེལ་དག་ཕྱིར་ཕྱག།སྒེག་ཅིང་ཅུང་ཟད
iiif viewer powered by OpenSeadragon
149b - 150b