| | e-texts navigator
|
148a1 དཔལ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ།།དེ་ནས་ཡང་དག་བཤད་བྱ་བ།།དཔལ་བསྐྱེད་སྡུག་བསྔལ་སོལ་བྱེད་ཅིང་།།སྡང་བ་འཆིང་ཚོགས་ལས་གྲོལ
148a2 བའི།།ཆོ་ག་མཛེས་མས་ལེགས་པར་ཉོན།།ཁྲུས་དང་གཙང་སྦྲ་དང་བྲལ་ཞིང་།།དཀའ་ཐུབོ་སྤྱོད་པ་རྣམ་སྤངས་ནས།།དྲག་ཤུལ་སེམས་ཀྱི་གསང་སྔགས་ནི།།བརྗེད་པ་ཙམ་གྱིས
148a3 མྱུར་དུ་འགྲུབ།།དད་པ་བརྩོན་འགྲུས་ཀྱིས་རྒྱུན་ཅིང་།།བག་ཡོད་སྙིང་རྗེ་ཆེར་ལྡན་པ།།དེས་ནི་བླ་མ་མི་སྤོང་ལ།།དཔལ་བརྟུལ་ཤེས་རབ་ངེས་པ་ཆེ།།འགྲོ་ལ་བྱམས་སེམས་ཆོ་བ
148a4 དེས།།སྔགས་དང་ཏིང་འཛིན་ཕྱག་རྒྱ་ཚོགས།།བརྩམས་པ་ཙམ་ལ་དངོས་གྲུབ་འབྱུང་།།དད་མེད་ལེ་ལི་རྣམ་འཚེ་ཅན།།བླ་མ་ལ་ནི་མི་གུས་ཤིང་།།ཤེས་རབ་ཞན་ཅིང་སྟོབས
148a5 ཆུང་ལ།།བག་མེད་གཞན་ལོ་གནོད་སེམས་བཅས།།དབང་བསྐུར་གནང་བ་མ་ཐོབ་ན།།དེས་ནི་བསྐལ་པ་སྟོང་ཕྲག་ནི།།བྱ་བ་དུ་མར་བསྒྲུབས་བྱས་ཀྱང་།།འབྲས་བུ་ཡོད
148a6 པར་མི་འགྱུར་ཏེ།།དཔེར་ན་བྱིས་པ་བླུན་པོ་འགས།།འབྲས་འདོད་ཕུབ་མ་བརྡུངས་པ་ལ།།ཤ་ཐང་ཆད་པ་ཉིད་ལས་ནི།།ནམོ་ཡང་འབྲས་ཡོད་མི་འགྱུརརོ།།གསེང་སྔགས
148a7 རྒྱལ་པོ་རྒྱལ་ཆེན་འདི།།བྱིན་རླབས་རྣམས་མང་འབྱུང་བའོ།།དེ་ནས་བཅོམ་ལྡན་བདེ་ཆེན་པོ།།ངེས་པར་འགྲུབ་པ་ཞེས་བྱ་བ།།ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།
iiif viewer powered by OpenSeadragon
147b - 148b