e-texts navigator
Collection
Volume
Page
Wylie

61b1 བས་མ་ངོམས་པའི་རྒྱན་དང་།ཆོས་ཟབ་མོ་རྣམ་པར་ངེས་པ་རྟེན་ཅིང་འདྲེབྱ་བར་འབྱུང་བའི་རྒྱུན་དང་།སེམས་ཅར་ཐམས་ཅད་ཀྱི་དབང་པོ་མཆོག་དང་།མཆོ་ག་མ་ཡིན
61b2 པར་ཤེས་པའི་རྒྱན་དང་།ཇི་ལྟར་ཐོས་པ་དང་།ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ལ་ཚུལ་བཞིན་སོ་སོར་རྟོག་ཅིང་སྤྱོད་པའི་རྒྱན་དང་།སེམས་ཅན་ཡོངསུ་སྨིན་པར
61b3 བྱ་བའི་ཕྱིར།ཆོས་ཐམས་ཅད་མི་དམིགས་པའི་རྐྱེན་དང་།རྐྱེན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཐབས་ལ་མཁས་པའི་རྒྱན་དང་།གཟུངས་ཐོབ་པའི་རྒྱན
61b4 ཏེ།བརྒྱད་པོ་དེ་དག་ནི་དེའི་ཡོན་ཏན་གྱི་ཕར་ཡོན་གྱི་རྒྱན་དུ་འགྱུརརོ།།གཟུངས་འདི་ནི་རྟག་ཏུ་རྒྱུན་ཏུ་ཡིད་ལ་བྱའོ།།སངས་རྒྱས་རྗེ་སུ་དྲན་པོ་བསྒོམ་པར་བྱའོ།།གཟུངས་ཀྱི
61b5 གཞི་འདི་དག་རྣམས་ཡིད་ལ་བྱས་ན།ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངསུ་བྱང་བར་འགྱུར་རོ།།པདྨ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་འཛིན་ཀྱང་ཐོབ་པོ།།ནད་ཐམས་ཅད་དང་།
61b6 ན་བ་ཐམས་ཅད་ལ་ལག་པས་ཁྱབ་པར་བྱའོ།།བཟླས་བརྗོད་ཀྱང་དཔག་ཏུ་མེད་པ་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེསོ་བཀའ་སྩལ་པ་དང་།བྱང་ཆུབ་སེམས་དཔའ
61b7 སེམས་དཔའ་ཆེན་པོ་དེ་དག་དང་།ཉན་ཐོས་ཆེན་པོ་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན




iiif viewer powered by OpenSeadragon

61a - 62a

Texts on this page

N465 - 'phags pa sangs rgyas kyi snying po zhes bya ba'i gzungs kyi chos kyi rnam grangs