e-texts navigator
Collection
Volume
Page
Wylie

60b1 ཧཱན་ཧཱ་ན།སརྦྦ་བུདྡྷ།ཧེ་པྲེ་ཤིཿསྟི།སཱཿདྷཱུ་པ་ཛེ།སརྦྦཛྙཱ་པ་མ་ཏེ།མ་ཧཱ་པྲ་ཏཱི་ཐཱ་ན།སཾ་བནྡེ།ས་མནྟ། ལ་ཀཾ་བུདྡྷ།གྷྲི་ཡཻ།བུདྡྷ།པྲཱ་ཏཱིམྦ་ཌི་ཏེ།བྷཱ་ག
60b2 བདྡྷེ་ས་ར་ས་ར།པྲྀ་ས་རུ་པྲ་ས་ར།བི་ས་ར་བི་ས་ར།པྲ་ས་ར་སིནྟ་ཤོ་ཀ་ཨུ་བ་གུ་ཏཱ~ཾ་སྭཱ་ཏཱཾ།།བཅོམ་ལྡན་འདསཀྱིས་སངས་རྒྱས་ཀྱི་སྙིང་པོ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས
60b3 འདི་བཤད་མ་ཐག་ཏུ་རི་དང་གནས་བཅས་པ་དང་།ཚལ་རྣམ་པ་དྲུག་ཏུ་གཡོས།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་ཡང་གཡོས།རབ་ཏུ་གཡོ་སོ།།
60b4 ཀུན་ཏུ་རབ་ཏུ་གཡོས།།རྒྱ་མཚོ་ཆེན་པོ་ཡང་འཁྲུགས།རབ་ཏུ་འཁྲུགས།ཀུན་ཏུ་རབ་ཏུ་འཁྲུགསོ།།རིའི་རྒྱལ་པོ་རི་རོབ་ཀྱང་ལྡག་ཅིང་འགུལ་ཏོ།།བདུད་ཀྱི་གནས་ཐམས
60b5 ཅད་ཀྱང་སྐྲག་ནས་བདུད་ཀྱི་རིགས་ཀྱི་ལྷ་རྣམས་དང་།བདུད་སྡིག་ཅན་རྣམས་ཤིན་ཏུ་སྡུག་བསྔལ་ཞིང་།ཡིད་མི་བདེ་བར་གྱུར་ནས་ཉམ་ཐག་གོ།སེམས་ཅན་གང་དག་ས
60b6 ཆེན་པོ་གཡོས་པར་མཐོང་བ་དེ་དག་གིས།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ
60b7 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་ཆེད་དུ་བརྗོད།།ལྷོ་གང་དག་སངས་རྒྱས་ལ་མངོན་པར་དད་པ་དེ་དག




iiif viewer powered by OpenSeadragon

60a - 61a

Texts on this page

N465 - 'phags pa sangs rgyas kyi snying po zhes bya ba'i gzungs kyi chos kyi rnam grangs