e-texts navigator
Collection
Volume
Page
Wylie

59a1 ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འབྱོར་རྒྱ་ཆེན་པོ་ལ་བཀའ་སྩལ་པ།རིགས་ཀྱི་བུ་དག་སྐྱེ་བློ་མང་པོ་ལྔ་ཕན་པ་དང་།སྐྱེ་བོ་མང་པོ
59a2 ལ་བདེ་བ་དང་།འཇིག་རྟེན་ལ་ཐུགས་བརྩེ་བ་དང་།ལྷ་དང་མིའི་སྐྱེ་བོ་ཕལ་པོ་ཆེའི་ཆོས་ཀྱི་དོན་དང་།ཕན་པ་དང་།བདེ་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ
59a3 པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པ།སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཡོད་དོ།།
59a4 རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་ལ་ལ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ།འཛིན་ཏ་མ།ཀློག་གམ།ཀུན
59a5 ཆུབ་པར་བྱེད་དམ།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏཱ་མ།དད་དྲམ།ལྷག་པའི་བསམ་པས་མོས་པར་བྱེད་ན།དེ་བླ་ན་མེད་པ་ཡང་དག་པར
59a6 རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར།ཆོས་ཐམས་ཅད་འཛིན་པ་དང་མི་འབྲལ་བར་འགྱུར།སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ
59a7 བར་འགྱུར།དེ་བཞིན་གཤེགས་པ་ལ་བལྟ་བ་དང་།བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་འགྱུར།ཆོས་ཉན་པ་དང་མི་འབྲལ་བར་འགྱུར།དགེ་འདུན་ལ་རིམ་གྲོ




iiif viewer powered by OpenSeadragon

58b - 59b

Texts on this page

N465 - 'phags pa sangs rgyas kyi snying po zhes bya ba'i gzungs kyi chos kyi rnam grangs