| | e-texts navigator
|
499b1 བསྲེག་བྱས་ན་འདོད་པའི་སྐྱེས་པ་དང་བུད་མེད་འགུགས་པར་འགྱུར་ཞེས་མཁས་པས་ད་ལྟར་ཤེས་པར་བྱས་ལ་གུས་པར་བྱའོ།།དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལན
499b2 བཞི་པ་རྫོག་སོ།།རྒྱ་གར་གྱི་མཁན་པོ་དྷི་པྲྀ་ཀ་ར་ཤྲཱི་ཛྙཱ་ན་དང་།ལོ་ཙྪ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར།དགེ་སློང་ཚུལ་ཁྲིམས་རྒྱལ་བས་བཅྡོཾས་ཤིང་བསྒྱུར་བའོ།།
499b3 བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ།འཐིང་ནག་མོཛེས་པས་འཇམ་པར་འཚེར་བའི་དབུ།།ལྕི་ང་ལོ་རྫངས་བསྐྱེད་འཐེང་གི་མཚོ་ལྟར་གཡོ།།དགེ་བའི་སྤྱི་གཙུག་མཚན
499b4 མཆོག་གཡ་སུ་འཁྱིལ།།གཙུག་ཏོར་འཕགས་པས་སྐྱེ་བོས་བལྟར་མི་མཐོང་།།སྲིད་པའི་སྡུག་བསྔལ་མ་ལུས་གཞོམ་པ་དང་།།མཐུ་ཆེན་བྱིན་གྱིས་རྒལ་བ་གཞོམ་པའི་ཕྱིར།།དབུ་རྒྱན་ཅོད་པན།།
499b5 རྒྱལ་བའི་མཆོག་གསང་ཞིང་།།ཆོས་ཀྱི་རྒྱལ་ཐབས་དབང་གི་ཕ་རོལ་ཕྱིན།།རིན་ཆེན་སྤུག་དང་ཨུད་པ་ལ་འདྲ་བ་ཡི།།ཤིན་དུ་དངས་པར་དཀར་ནག་ཕྱེད་པའི་སྤྱན།།སྨིན་ཆུ་ཌིཌོཾ་མཛེས་པས་ཟླ་བ་ཆོས།
499b6 ལྟར་འབྱུག།མིག་འཛུམས་ཟུར་གྱིས་ལྟ་བས་བྱམས་པའི་རྟགས།།སིལ་སྙན་རྣཾ་དག་མཚན་རབ་འདྲུ་ཆགས་པ།།རིན་ཆེན་མ་ལུས་རྣམ་པ་དུ་མས་སྤྲས།།རྒྱལ་བའི་ཞིང་མང་རྣམ་པ་སྣ་ཚོགསུ།
499b7 རྣམ་ཐར་དཔག་ཡས་ཆོས་སྒོ་གྲངས་མེད་གནས།།ཤངས་ཀྱི་དབྱིངས་ལེགས་སྐྱེ་བོ་ཡོངས་པས་འཕགས།།མཐོ་ལ་ཡིད་ཙམ་རུར་ལ་ལེགས་པའི་མཚན།།དྲང་ལ་ཆུ་བྲན་འདྲ་བར་མཛེས་པ
iiif viewer powered by OpenSeadragon
499a - 500a