e-texts navigator
Collection
Volume
Page
Wylie

496b1 ལས་བསྐོལ་བར་བྱ།།དེ་ནས་འཐུངས་པ་ཙམ་གྱིས་ནི།།བླ་མེད་དག་ནི་དག་འགྱུར་དང་།།མཚན་བདུན་ཉི་དར་ལོང་སྤྱད་པས།།མི་འམ་ཅི་དང་སྐད་མཚུངས་འགྱུར།།ཟླ་གསུམ་ཉེ་བར་ལོངས་སྤྱོད་པ
496b2 མི་ནི་ཤེས་རབ་གནསུ་འགྱུར།།ཟླ་གསུམ་རབ་ཏུ་སྦྱོར་བ་ཡིས།།ཐོས་པ་མཆོག་ནི་འཛིན་པར་འགྱུར།།ཟླ་བ་དྲུག་གིས་མངོན་གསུམ་དུ།།མི་ནི་ངག་དང་མཚུངས་པར་འགྱུར།།མཛེནད་པ
496b3 དརྒྱད་དག་དང་ནི།།ཟ་བྱེད་ཆེན་པོ་བདུན་འཇོམས་བྱེད།།ོཾ་ཨཱནནྟ་ཛྙཱ་ན་ཤྲཱི་ཡེ་མཉྫུ་ཤྲི་ཡེན་མཿགོང་དུ་སྤྲོས་པའི་ལྷ་མོ་བཞིས་བསྐོར་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམས་ལ་སྔར
496b4 བཤད་པའི་རིམས་པས་སྔགས་བཟླས་པ་བྱས་ན་གོང་དུ་སྨོས་པའི་ལས་ཐཾད་བྱེད་པར་འགྱུརརོ།།ོཾ་ཨ་ར་པ་ཙན་དྷཱིཿསྭཱཧཱ།དབེན་པར་དཀྱིལ་འཁོར་བྱས་ཏེ་ཅྡོཾས་ངག་གི་དབང་ཕྱུག་དང་བླ
496b5 མ་རྗེ་བཙུན་ཡང་དག་པར་མཆོད་བདེ་བའི་སྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།།ོཾ་སྭ་བྷ་བ་བི་ཤུདྡྷ།སརྦ་དྷརྨཱཿསྭ་བྷ་བ་ཤུདྡྷོ་ཧཱུཾ།ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར
496b6 དུ་བརྗོད་བདག་དང་འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པོར་བསམས་ལ་སྟོང་པོ་ཉིད་མངོན་སུམ་དུ་བྱས་ནས་པདྨོ་དཀར་པོའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ།སྐུ་མདོག
496b7 དཀར་པོ་རལ་གྲི་དང་པོ་ཏི་བསྣམས་པར་བདག་ཉིད་ཡུད་ཙམ་གྱིས་ཡོངསུ་གྲུབ་པར་རྣམ་པར་བསམས་ལ་ངག་གི་དབང་ཕྱུག་བདག་ཉིད་ཀྱི་གཡ་སུ་སྒྲ་ཅན་དང་།གཡོན་དུ་ཉེ་བའི་སྒྲ་ཅན་མ་རིན་པོ




iiif viewer powered by OpenSeadragon

496a - 497a

Texts on this page

N479 - dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po