e-texts navigator
Collection
Volume
Page
Wylie

495b1 འོ་མ་ཨ་རུ་ར་དང་ཚ་བ་གསུམ།།པ་ཏ་ཤུ་དག་སིག་ཀྲུ་སེན་ད་ཡི།།ལན་བདུན་མངོན་པར་བསྔགས་པའི་མར་དག་ནི།།འཐུངས་ན་དབྱངས་ཅན་འགྲུབ་པར་འགྱུར་བ་ཡིན།།ར་ཡཱི་འོ་མ་བྲེ
495b2 བཞི་དང་།།སྨན་རྣམས་སྲུང་གཅིག་ཙམ་གྱི་ཆོད།།མར་བྲི་གང་དང་མཁས་པ་ཡིས།།རིམས་ཀྱིས་མེ་ཆུ་ལ་བསྐོལ་བྱ།།ཟླ་གཅིག་ཙམ་ཅིག་ལོངས་སྤྱད་ན།།བླ་མེད་ཚིག་ནི་ཐོབ་འགྱུར
495b3 ཞིང་།།ཟླ་དྲུག་ཉེ་བར་ལོངས་སྤྱད་པས།།ངག་གི་དབང་ཕྱུག་མངོན་སུམ་འགྱུར།།ཤུ་དྲག་ཤིང་མངར་སེན་ད་བ།། རུ་བཅའ་སྒ་ལ་ལ་པུད།།རུ་ཛྙོ་པི་པི་ཟི་ངར་བཅས།།རྣ་བ་ཏགས
495b4 དག་ནི་དག་པར་བྱེད།།ལྷ་ལ་མེ་ཏོག་དྲི་བཟང་སོགས།།ནང་པར་ཡང་དག་མཆོད་ནས་ནི།།ལན་བདུན་བསྔགས་བྱས་ཟས་ནི་ནི།།ཟླ་བ་དྲུག་གིས་ཐོས་འཛིན་བྱེད།།ཟླ་བ་གསུམ
495b5 གྱིས་ཚིག་བདག་འགྱུར།།ཟླ་བ་གཅིག་གིས་བློ་ལྡན་ཞིང་།།ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ།།དབྱངས་སྙན་པ་ནི་སྐྱེ་བར་འགྱུར།།གངས་ཅན་སྐྱེས་པའི་ཨ་རུ་འམ།།གངས་ཅན
495b6 སྐྱེས་པའི་ཤ་དག་ལ།།ཐོ་རངས་ལན་བདུན་མངོན་བསྔགས་ནས།།ཟླ་གཅིག་ཟོས་ན་ཟླ་དེ་ལ།།ཚིག་གྲི་བདག་དང་ཡིད་གཞུངས་དང་།།དབྱངས་ཙོན་ཤེས་རབ་ལྡན་པ་ཡང་།།སྐྱེ་བར
495b7 འགྱུར་ཞིང་ཟླ་དྲུག་གིས།།ཐོས་པ་འཛིན་པར་ཡང་འགྱུརརོ།།ོཾ་བ་གྲཱ་དི་ནི་བཱ་ཙརྨྨ་ཎཾ་ཡཙྪ་པ་ར་སྭ་ཏི་མ་ཧཱ་ཤཱ་ཏེ་སྭཱ་ཧཱ།།པདྨེ་ལས་སྐྱེས་པའི་དཀར་མོ་ཆེན་མོའི་སྙིང་པོ་འདི་ནི་གང་དུ




iiif viewer powered by OpenSeadragon

495a - 496a

Texts on this page

N479 - dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po