| | e-texts navigator
|
495a1 ལ་མངོན་པར་འདོད་དུ་འདས་གྲུབ་སྩོལ་བ་ལ་དགྱེས་པ།སྣརོན་ཀྭའི་ཟླ་བ་ཝཱ་ད།རཱ་བ།ཅན་དྲན་དཀང་པོའི་འདགུས་བྱུགས་ཤིང་མེ་ཏ~ཾཀྵ་ཀྱིས་མཛེས་པ
495a2 རྒྱན་པ།ན་བཟའ་དཀར་པོ་དང་མུ་ཏིག་གི་ཕྲེང་བས་ཐུགས་ཀར་མཛེས་པ་བྱས་པ།སྐུ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱུན་གྱིས་བརྒྱན་པའི་སྐུ་ལས་ཡོངསུ་སྤྲོས་པའི་འོད་ཟེར་སྟོང་གིས
495a3 མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ།ལོ་བཅུ་གི་ཉེས་ཀྱི་ན་ཚད་དུ་འཁྲུངས་པའི་སྐུ་ཅན་ངག་གི་དབང་ཕྱུག་ཆེན་པོར་བདག་ཉིད་བསམ་པར་བྱའོ།།མདུན
495a4 དུ་ཤེས་རབ་མ་དང་།གཡས་ཡིད་གཞུངས་མ་དང་།རྒྱུའི་དུ་བློ་ལྗོན་མ་དང་།གཡོན་དུ་དྲན་པ་མ་གོང་དུ་སྨོས་པའི་ལྷན་ཐཾད་ཀྱིས་མཛེས་པའི་ལྷ་མོར་བསམས་པར་བྱའོ།།དེའི་འོག
495a5 ཏུ་ལྟེ་བའི་ཕྱོགསུ་ཟླ་བའི་དཀྱིལ་འཁོར་གྱིས་དབུས་ཡི་གེ་ཨོཾ་མདོག་དཀར་པོའི་རྣམ་པར་བསམས་ལ།དྲི་ལས་བྱུང་བའི་ངག་གི་དབང་ཕྱུག་གི་རང་བཞིན་མ་ལུས་པའི་ཕྲེང་བ་རྒྱུན་མི
495a6 འཆད་པར་འབྱུང་བསམས་ཤིང་གཅིག་པུར་དེར་ཕྱོགས་པའི་ཡིད་ཅན་གྱི་སྔགས་པས་བདག་ཉིད་རང་གི་ལྟེ་བའི་དེ་བུས་ན་གནས་པའི་མི་སྨྲ་བས་བཟླས་པ་བྱས་ན།ཟླ་བ་གཅིག་གིས
495a7 དབྱངས་ཅན་གྱི་ངག་རབ་ཏུ་ཐོབ་པར་འགྱུར་ཞིང་།ཟླ་བ་གསུམ་གྱིས་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུརརོ།།ཟླ་བ་དྲུག་གིས་དབྱངས་ཅན་དང་ངག་མཉམ་པར་འགྱུར།།
iiif viewer powered by OpenSeadragon
494b - 495b