| | e-texts navigator
|
493b1 པྲཱརྞགཡས་ཀྱིས་མཆོག་སྦྱིན་པར་བདག་ཉིད་བསམས་ལ།ོ་ཨ་ནུཏ་པནྣ་པྲ་ཀྲི་ཏི་པྲ་བྷ་སྭཻ་རཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་ཏཱི་སཔྟཱ་ཧཱ་ཏ་སྐཱ་ར་སྭ་ཏི་བཱ་ཎི་མུ་པ་ལ་བྷ་ཏེ།ཞག་ཉི་ཤུ་རྩ་གཅིག་གིས་དབྱངས
493b2 ཅན་གྱི་ངག་ཐོབ་པར་འགྱུར།།ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་གྲུབ་པར་བྱེད།།བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་འཛིན་པ་ཡང་ཐོབ་པར་འགྱུརརོ།།
493b3 ཤུ་དག་སྲང་ཕྱེད་ཀྱི་ཚད་ཙམ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་ཐོ་རངས་འོ་མ་འམ།མར་རམ་ཏིལ་མར་དང་ཟླ་བ་གཅིག་དུ་འཇུངས་ན་གླེན་པ་དང་རིག་པ་མེད་པར་འགྱུརརོ།།ཁུ
493b4 བྱུག་མྱོས་པའི་སྐད་དང་འདྲ་བར་སྐད་སྙན་ཅིང་ཚིག་གསལ་བར་འགྱུརརོ།།ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟེན་བཅོས་མངོན་དུ་འགྱུར་ཞིང་ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར།།།
493b5 ཐོས་པོ་འཛིན་པར་འགྱུརརོ།།ོཾ་བཱ་ཀྱཾ་དཾ་ན་མཿརྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་དུ་ཏིང་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐད་བྱེད
493b6 པར་འགྱུརརོ།།རྒྱ་མཚར་འགྲོ་བའི་ཆུ་ལ་སྐེ་བ་ཙམ་གྱིས་ཚུ་ལ་རྒལ་ནས་འཛའ་ཏིའི་མེ་ཏོག་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང་ཕུན་པ་རེ་རེ་རྒྱུན་ཕྱོགསུ་འབབ་པར
493b7 འགྱུར་བ་ལས་ཕུན་པ་གཅིག་རྒྱུན་ལས་ལོག་པར་འོངས་པ་དེ་སོལ་མ་རེག་པར་མིང་ན་ཐོས་པ་འཛིན་པ་སྩོལ་བར་མཛད།།ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་ཆུ་ལེ་སྦྱིན་སྲེག་འབུམ་ཕྲག་བཞི
iiif viewer powered by OpenSeadragon
493a - 494a