e-texts navigator
Collection
Volume
Page
Wylie

491b1 རྩ་བ་རིང་བུར་བྱས་ཏེ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ་བྱུགས་ན་གང་དག་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་བའི་རྐང་པ་གཉིས་དང་རྐང་པ་བཞི་པ་དེ་དག་ཁྱོད་ཀྱི་མགོ་མེད་པ་མངོན་སུམ་དུ་མཐོང
491b2 བར་འགྱུརརོ།།ོཾ་སྭབྷཱ་བི་ལོ་ཀི་ན་སིདྡྷ་ལོ་ཙ་ནེ་སྭཔྟཾ་མེ་ཀ་ཐ་ཡ་སྭཱཧྨ།སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་ལས་ཐམས་ཅད་པར་འགྱུརརོ།།ོཾ་ཨ་དི་ཏི་དེ་བ་ད་ཏ་ཏཾ་མོ་དེ་ཧི་ད་དཱི་པ་ཡ
491b3 སྭཱཏྨ།ཆུའི་ནང་དུ་ཞུགས་ཏེ་བུ་མོ་གང་གི་ཆེད་དུ་བཟླས་པ་བྱེད་པ་དེ་དེ་ཉིད་ལེ་སྟེར་བར་བྱེད།།ཡི་གེ་འབུམ་བཟླས་པ་བྱས་ལ་པྲི་ཡང་ཀུའི་མེ་ཏོག་གམ།པ་ལ་ཤའི་མེ་ཏོག་གི་སྦྱིན་སྲེག་འབུམ་གྱིས
491b4 དཔེལ་ཆེན་པོ་ཐོབ་པར་བྱེད།།མཚན་མོ་འོ་མ་ཅན་གྱིས་ཡམ་ཤིང་གིས་སྦྱིན་སྲེག་བྱས་ན་གྲོང་གང་གི་ཆེ་དུ་སྦྱིན་སྲེག་བྱས་པ་དེ་རྙེད་པར་འགྱུར་རོ།།པདྨ་འམ་བིལ་བའི་འབྲས་བུ་རྣམས་ཀྱིས་སྦྱིན་སྲེག།
491b5 འབུམ་གྱིས་རྒྱལ་རིགས་རྙེད་པར་འགྱུར་ཞིང་གཞན་དག་གི་དཔལ་ཆེན་པོ་ཐོབ་པར་བྱེད།།ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་རྣམས་ཀྱིས་སྦྱིན་སྲེག་འབུམ་ཕྲག་བདུན་གྱིས་འབྱེར་པ་མི་ཟད་པོར་འགྱུར།
491b6 ཨོཾ་ཛཾ་ཡེ་བི་ཛ་ཡེ་ཨུ་ཛི་ཏི་པ་རཱ་ཛི་ཏེ་སྭཱཧཱ།སྲིང་མོ་བཞིའི་སྔགས་ཀྱི་རྒྱལ་པོ་འད་གོང་དུ་བཤད་པའི་ཆོ་གས་འབུམ་ཕྲག་བཞི་བཟླས་ན་གོང་དུ་བཤད་པའི་ལས་ཐཾད་བྱེད་པར་འགྱུ་རོ།།ོཾ་མེ་གྷོ་ལ་ཀཱ་ཡཱ
491b7 སྭཱ་ཧཱ།པ་ལ་ཤའི་མེ་ཏོག་གམ་ཡ་མི་ཤིང་གིས་སྦྱིན་སྲེག་འདུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཞིང་བུ་མོ་དོན་དུ་གཉེར་བར་འདོད་པའི་བུ་མཽ་རྙེད་པར་འགྱུརརོ།།ོཾ་ཀ་མ་ལེ་བཱ




iiif viewer powered by OpenSeadragon

491a - 492a

Texts on this page

N479 - dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po