| | e-texts navigator
|
490a1 བར་ཁྲུས་བྱས་ཏེ།གོས་ལེགས་པར་བཀྲུས་པ་བསྟོན་ཞིང་ཅན་དན་དཀར་པོའི་འདེ་གུས་ཡན་ལག་བྱུགས་ལ།མེ་ཏོག་དྲི་ཞིམ་པའི་ཕྲེང་བས་མགུལ་ཏུ་བཏགས
490a2 པ་གློང་པའི་ཆོས་ཀྱི་མགོས་པ་ལ་བསྟོན་ན་ཇི་ལྟར་བསམས་པའི་དགོས་པ་ཕྱིན་ཅི་མ་ལོག་པ་སྟོན་པར་འགྱུར།།དགོངས་སྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ་བཅོམ་ལྡན་འདས་དང
490a3 ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་ཆེན་པོ་བྱས་ལ།བརྒྱ་རྩ་བརྒྱད་བཟླས་ནས་ཅང་མི་སྨྲ་བར་ཉལ་ན་དགེ་བ་དང་མི་དགེ་བ་ཇི་ལྟར་བསམས་པ་བཞིན་དུ་སྟོན་པར་འགྱུརརོ།།རྟག་ཏུ་བཟླས
490a4 ན་འཇིག་རྟེན་གསུམ་གྱི་སྤྱོད་པ་སྟོན་པར་འགྱུར་རོ།།ོཾ་ཤྲ་བ་ཎ་པི་ཤཱ་ཙི་ནི་མུཎྜེ་སྭཱ་ཧཱ།།བ་རུ་རིའི་ཤིང་ངམ་ནུ་གྲོ་དྷའི་ཤིང་གི་རྩ་བར་འདུག་ལ་ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན
490a5 འགྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་བྱེད།།ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་འགྲུབ་པར་འགྱུརརོ།།
490a6 དགོངས་མོ་ཉལ་ཀུང་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་རྐང་པ་གཉིས་ལ་བསྐུས་ནས་ཉ་ལོ་ན་དགེ་བ་དང་མི་དགེ་བ་རྣ་བར་སྟོན་པར་འགྱུར།།ོཾ་ན་མཿས་པྟ་ནཾ་སམྱ་ཀཾ་བུདྡྷ་ཀོཊྚེ
490a7 ནཱཾ།\ུ0f7fཏདྱ་ཐཱ།ོཾ་ཙ་ལི་ཙུ་ལེ་ཙུནྡེ་སྭཱ་ཧཱ།།བི་དྱ་ས་ཏྱ་བཱ་དི་ནི་བ་ར་ད་ཀ་ཐ་ཡ་སྭཱ་ཧཱ།།གོང་དུ་བཤད་པའི་ཚོགས་སམ།མཾ་ལོང་ངམ།རལ་བྲི་འམ།མར་མེ་འམ།ཆུ་སྣོད་ལོ་སྟན
iiif viewer powered by OpenSeadragon
489b - 490b