| | e-texts navigator
|
489a1 ལརྡོ་རྒྱུས་ཀྱིས་བྲིས་ཏེ་སྐུ་ལ་བཏགས་པས་གསར་དུ་བཅས་པའི་བྱིས་པ་སྲུང་བར་བྱེད།།སྒྲ་ཚལ་གྱིས་སོར་བཞི་པའི་ཚད་དུ་བྱས་པའི་སྙིང་ཁར་བསྒྲུབ་བྱའི་མིང་དང་བས
489a2 པའི་སྔགས་མངོན་པར་བྲིས་ཏེ་བཅུག་ལ་དེའི་ཁར་ཚེར་མ་བཙུགས་ན་ཕྱིར་རྒོལ་བའི་ཁ་ཕུར་བུས་བཏབ་པོར་འགྱུརརོ།།རྐང་པ་ལ་བཙུགས་ན་འགྲོ་བ་དང་འོང་བ་རེངས་པར་བྱེད།།སྙིང་ལ་བཙུགས
489a3 ན་ཁྲོས་པ་འཇོམས་པར་བྱེད།།མིའི་རྗེ་རང་གི་རུས་པའི་ཕུར་བུ་འམ་ལྕགས་ཀྱིས་ཕུབ་བུས་གདབ་པར་བྱའོ།།མིང་ནས་བཟུང་ཞིང་ཡན་ལག་གང་དང་གང་ལ་ཕུར་བུ་བཏབ་པ་དེ་དང་དེ་འཇིག་པར
489a4 འགྱུརརོ།།དགྲ་བོའི་སྒོར་ཁར་སྦས་ན་འབྱེར་བར་བྱེད།།དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་པས་སྒོའི་ཡ་ཐེམ་ལ་གཏོར་ན་འབྱོརའོ།།རལ་གྲི་ལ་མངོན་པར་བསྔགས་ཏེ་གཡུལ་དུ་འཇུག
489a5 ན་རྒྱལ་བ་སྒྲུབ་པར་བྱེད།།བྱ་བ་གང་ལ་འཇུག་པ་ན་གཏོར་མ་ཉེ་བར་བསྟབས་ན་དེ་དང་དེ་འགྲུབ་པར་འགྱུརརོ།།སྔགས་པ་དགེ་བ་དང་མི་དགེ་བའི་ལས་གང་འདོད་པས་བཟླས་པ་ཙམ་གྱིས་བྱེད།།།
489a6 ཨོཾ་ཀ་སྱེ་པྤ་དིཔྶ་ད་ཏཱ་སུ་ནྱ་བ་སྐྲྀ་ནི་མ་མ་ཏཱ་ཏ་ཐཱསྶནྡ་ཡ་སྠ་སྭནྡ་སི་བ་ཛི་ཎ་སྭཱ་ཧཱ།།མིག་འགུལ་ན་བྱབས་པས་ཞི་བར་འགྱུར།།ོཾ་ཛམྦྷེ་མོ་ཧོ་ཧྲྀ་ད་ཡ་མཱ་བརྡྷ་ནི་ཧཱུཾ་ཕཊ་སྭཱ་ཧཱ།།སྔགས་ཀྱི་རྒྱལ་པོ
489a7 འདི་བྱ་རོག་གི་སྒྲ་མ་གྲོག་པའི་དུས་སུ་ལན་བདུན་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐཾད་དགའ་བར་འགྱུར།།རྒྱལ་བ་མིར་དང་པདྨ་དཀར་པོའི་སྡོང་བུས་དུ་བ་བླངས་ལ་བརྒྱ་རྩ
iiif viewer powered by OpenSeadragon
488b - 489b