e-texts navigator
Collection
Volume
Page
Wylie

488b1 པའི་ཏྲཻལ་གྱིས་སྦྱིན་སྲེག་ནི་སྲུང་བ་ཆེན་པོ་ཡིནོ།།ཁྭའི་སྒོ་ལག་པས་བརྡུང་སྟེ་བཟླས་པ་ཁྲི་བྱས་པ་གང་གིས་ཁང་པའི་སྟེང་ངོས་སུ་སྦས་པས་དེ་འབྱེར་བར་བྱེད།།ོཾ་པི་ཤཱ་ཙི་པརྡྷ་ཤ་ཝ་རི་སརྦོ་པ་དྲ་པཪྵ
488b2 ཤ་ནཱི་སྭཱ་ཧཱ།།རིག་པ་ཆེན་མོ་འདི་མ་བསྒྲུབ་སུ་ཟིན་ཀྱང་རྐང་གཉིས་དང་།རྐང་བཞི་པ་ཐཾད་ཀྱི་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར།སྦྱིན་སྲེག་གམ་བཟླས་པ་འམ།ཁྲུས
488b3 སམ་སྔགས་མདུད་དམ།མངོན་པར་བསྔགས་པའི་ཆུ་འཐུངས་པ་འམ།བྱབས་ན་ནད་ཐམས་ཅད་སེལ་བར་བྱེད།།གྲོ་ག་ལ་གུར་གུམ་གྱིས་བྲིས་པའི་སྔགས་སྐྱེ་འམ་དཔུང་པ་ལ་བཏགས་ན་རྩོད་སྤྲིང
488b4 ལས་རྒྱལ་བ་ཐོབ་ཅིང་རིམས་ཉིན་བཞི་པ་ལ་སོགས་པ་མི་བཟད་པ་ལས་ཐར་བར་འགྱུར་རོ།།སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་ཅིང་འཐབ་པ་དང་།འཁྲུག་པ་དང་།རྩོད་པ་དག་ལས
488b5 རྒྱལ་བསྒྲུབ་པར་བྱེད།།སྟག་དང་།ཆུ་སྲིན་དང་།ལྟོ་འཕྱེ་ཆེན་པོ་དང་།རྐུན་པོ་ལ་སོགས་པས་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐཾད་དགའ་བར་འགྱུརརོ།།ོཾ་ཨཱརྱ་ཏྲི་ཏཱ་ཡ་ཨ་མུ་ཀ་སྱ་ཙཀྵུ
488b6 སྟམྨ་ཡ།ཐཿཐོཿསྭཱ་ཧཱཿགང་ལ་ལ་མི་གན་བར་གྱུར་པ་དེ་ལ་རྩིག་པ་འམ་སྤང་ལེབ་ལ་རྡོ་རྒྱུས་ཀྱིས་ཆེས་བྲིས་ལ་ཡིག་ཨཻ་ཁ་སྦྱོར་གསུམ་གསུམ་བྱའོ།།ོཾ་ཙཎྜ་མ་ཧཱ་རོ་ཥ་ཎེ་ཧཱུཾ་ཕཊ།།སྔགས
488b7 ཀྱོ་རྒྱལ་པོ་འདི་ལན་ཅིག་བཟླས་པས་སྡིག་པ་ཐ~ཾད་ལས་སྲུང་བར་བྱེད།།འབྱུང་པོ་ལ་སོགས་པའི་གནོད་ཀྱིས་འཇིགས་པ་ལ་ཉུངས་ཀར་གྱིས་བརྡེགས་པས་གདོན་ཐ~ཾད་འབྱེར་བར་བྱེ་དོ།།ཁམ་ཕོལ




iiif viewer powered by OpenSeadragon

488a - 489a

Texts on this page

N479 - dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po