| | e-texts navigator
|
488a1 རྣ་བའི་ཡན་ལག་ལ་བསླུས་ན་རང་བཞིན་དུ་གནས་པར་འགྱུར།།འགྲོ་བའི་ནད་ལ་ཏིལ་མར་ལ་བསྔགས་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུརརོ།།གདུག་པའི་མ
488a2 ལ་ཆུ་ལ་སྔགས་ནས་གཏོར་བས་སོས་པར་འགྱུར་རོ།།སྐྲན་ནད་ལ་བེ་དང་ལ་སོགས་པ་མཚོན་གྱིས་བཏུབས་ན་སྲི་ཧསྟ་བཅད་པར་འགྱུརརོ།།ནིར་ཀུན་དི་དང་ནིམ་པའི་རྩ་བ་རྨ་བྱའི་མཇུག་སྒྲོ་དང
488a3 བཅས་པ་གཅིག་ཏུ་སྦར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་དུད་པས་བདུགས་ན་རིམས་ཉིན་གཅིག་པ་དང་།རིམས་ཉིན་གཉིས་པ་དང་།ཉིན་གསུམ་པ་དང་།ཉིན་བཞི་པ་ལ་སོགས་པ
488a4 སེལ་བར་བྱེད་ཅིང་།འབྱུང་པོ་དང་།ཤ་ཟ་དང་།ཚངས་པ་སྲིན་པོ་ལ་སོགས་པ་སལ་བར་བྱེདདོ།།བུད་མེད་བུ་ཤི་བས་བརྒྱ་རྩ་བརྒྱད་མངོན་པར་བསགས་པའི་བུམ་པས་ཁྲུས་བྱས་ན་གསོན་པ།
488a5 དང་ལྡན་པར་འགྱུར་རོ།།གྲོ་ག་ལ་བྲིས་པའི་སྔགས་སྐེ་འམ་དཔུང་པ་ལ་བཏགས་ན་མངལ་སྲུང་བར་པདོ།།སྔགས་རྗེས་དྲན་པས་གཡུལ་ངོགསུ་འཇུག་ན་རྒྱལ་བ་བསྲེས་པར་འགྱུར་ཞིང་བབྲུ
488a6 པས་ནད་ཐམས་ཅད་སེལ་བར་བྱེད།།ོཾ་པ་དེ་ཙ་ལ་ནོ་སྭཱ་ཧཱ།།སྔགས་ཀྱི་རྒྱལ་པོའང་སྔོན་དུ་བསྙེན་པོའི་ཆོ་གས་ལེགས་པར་བསྒྲུབས་པས་ལས་ཐཾད་བྱེད་པར་འགྱུ་རོ།།ཕོལ་མིག་གིས་འཇིགས
488a7 པས་མངོན་པར་བསྔགས་པའི་ཆུ་འཐུངས་ན།།ཕོལ་མེག་མེད་པར་འགྱུརརོ།།བྱང་བུ་ལ་བྲིས་ཏེ་སྒྲོ་ལ་བཏགས་པས་ཕོལ་མིག་མེད་པར་འགྱུརརོ།།འདི་ནི་འཚེ་བ་ཐམས་ཅད་ལ་མར་ལ་བཏགས
iiif viewer powered by OpenSeadragon
487b - 488b