| | e-texts navigator
|
486b1 འགྲུབ་པར་འགྱུརརོ།།ེ་ཤྲོན་ཐི་ཧོ་ཧ་ལུ་ཧུ་ཛྭ་ལཱ་ཛྲ་ཏྭེ་ཧུ་ལུ་རུ་ཏྲེ་བ་པྲ་ཏི་རཱཙྪ་ཏུ་ཧུ་ལུ་སྭཱཧཱ།།སྔགས་ཀྱི་རྒྱལ་པོ་འདིས་འཐད་པ་དང་།འཐབ་མོ་དང་།རྣམ་པར་རྩོད་པར་ཐཾད་ལ་བཟླས་པ་བྱས་ན་ཞི་བར
486b2 འགྱུར།།ཕུབ་མའི་སྤྲིན་སྲེག་གིས་ཀྱང་ཐམས་ཅད་ཞི་བར་འགྱུརརོ།།ཇི་ལྟར་རྙེད་པའི་མེ་ཏོག་ལ་བཟླས་ཏེ་ཆུ་ལ་བསྐུར་ན་ཛད་དུ་ཞི་བར་འགྱུར་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཙོམ་མེདོ།།གྲོང་ཁྱེར་ཚིག།
486b3 པའི་མེ་ལ་མངོན་པར་ཕྱོགས་ཏེ་འདུག་ལ་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་ཁྱིམ་གང་སྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་ཅིང་མོས་ཚིག་པའི་མེའི་ཁ་ལས་ཐར་བར་བྱེད།།རྐང་གཉིས་དང
486b4 རྐང་བཞིའི་མཆེ་བ་ལ་ཕུབ་མིའི་སྦྱིན་སྲེག་གིས་ཞི་བར་བྱེད།།ོཾ་པདྨེ་པདྨ་ཨཀྵེ་པདྨ་སུཾ་བྷ་གེ་ཕུ།སྔགས་ཀྱི་རྒྱལ་པོ་འདི་ཐལ་བ་ལ་བཟླས་ཏེ་བསྐུས་པས་མིག་གསོས་པར་འགྱུརརོ།།བྱབས་པས་མིག
486b5 རེངས་པར་བྱེད།།ལན་བདུན་མངོན་པར་བསྔགས་པའི་མིག་གིས་ཁྲོས་པ་མཐོང་མི་ཐག་ཏུ་རབ་ཏུ་དང་བར་བྱེད།།ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན།སྐྱེ་བོ་ཐཾད་དགའ་བར་བྱེད།།
486b6 རྩིག་པོ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་ན་མིག་གི་ནད་ཐམས་ཅད་འཇོམས་པར་བྱེད།།དབེན་པར་འདུག་སྟེ་སེམས་རྩ་གཅིག་པས་སྐྱེས་བུའི་མིག་གཉིས་ལ་མངོན་པར་སྔགས་པ་བྱས
486b7 ན་གང་གི་ཚེ་གཡོན་པ་འདུལ་བར་གྱུར་པ་དེའི་ཚེ་བསམ་པའི་དངོས་པོ་འགྲུབ་པར་སྟོན་པ་ཡིན།།གཡས་པ་འབུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད།།ོཾ་མོ་ཙ་ནི་ཡ་མོཀྵ་ཎི་མོཀྵ་ཡ་ཛི
iiif viewer powered by OpenSeadragon
486a - 487a