e-texts navigator
Collection
Volume
Page
Wylie

485b1 གརྩེ་དམ་དུ་བརྩེ་རུ་ལྔ་སྔགས་བརྗོད་པས་སྐྱིགས་བུ་མེད་པར་བྱེད།།ཐལ་བ་མངོན་པར་སྔགས་པས་མིག་རེངས་པར་བྱེད།།འབྲུམ་བུ་ལ་སོགས་པ་རྣམ་པར་འཚོ་བ་ལ་བྱང་བུ་ལ་དྲིས་ཏེ་ཁྱིམ་གང་གི།
485b2 སྒོར་བརྟགས་པའི་ཁྱིམ་དེར་འབྲམ་བུ་ལ་སོགས་པའི་རྣམ་པར་འཚོ་བ་བཟློག་པར་བྱེད།།ཉ་དང་།ཤ་དང་།ཆང་དང་།འབྲས་ཚོན་ལ་སོགས་པ་སྦྱིན་པར་འགྱུར་བ་ལས་གོང་གི་ཕྱི་རོལ་གྱི་ཆར
485b3 གཏོར་མ་ཆེན་པོ་བཏོང་བར་བྱ་བ་འམ།ཡམ་ཤིང་ལྡེ་དང་།འབྲུ་ལྔའི་བྱེ་བྲག་མར་ལ་བཏབསྲ་པས་གྲོང་གི་དབུསུ་ཞི་བའི་ཐབ་ཁུང་དུ་བྱས་ལ་སྦྱིན་སྲེག་བྱས་ན་བདུད་དང་རྣམ་པར་འཚོ་བ་ཟད
485b4 རེངེངས་པར་བྱེད།།གང་འགའ་ཞིག་ལ་གྲོང་ལ་སོགས་པའི་བྱིན་པར་འགྱུར་བ་ལ་བཟླས་པ་ཙམ་གྱིས་བཟློག་པར་བྱེད།།རྟག་ཏུ་བཟླས་ན་ལྷ་དང་ལྷ་མོ་ཡིན་དང་།ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས
485b5 མི་མཐོང་བར་འགྱུར་རོ།།དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་བདུད་བཞི་ལས་རྒྱལ་བར་བྱ་བའི་ཕྱིར་སྔགས་ཀྱི་རྒྱལ་པོ་འདི་མཛོད་པུས་ལས་ཕྱུང་བའི
485b6 མཛོད་སྤུའི་ནོར་བུ་ཞེས་བྱ་བར་རབ་ཏུ་གྲགས་པ་ཡིན།།བཤག་མ་ལ་མངོན་པར་བསྔགས་ཏེ་གཏོང་བསཱ་སྦྲུལ་དག་འབྱེར་བར་བྱེད།།རྩིག་ངོས་ལ་རྡོ་རྒྱུས་ལ་མངོན་པར་བསྔགས་པས་བྲིས
485b7 ན་སྦྲུལ་གྱི་ཟིལ་གྱིས་ནོན་པར་མི་འགྱུར།།ཡང་སྔགས་རྡོ་ལེབ་ལ་གཟོང་བུས་བརྐོས་ཏེ་དྲིས་པ་སྤྲིས་ན་རི་རིགས་དང་སྤྲུལ་གདུག་པ་རྣམས་ཁྱིམ་འམ།གྲོང་ངམ་གྲོང་ཁྱེར་དུ་ཇི་སྲིད་འདོད




iiif viewer powered by OpenSeadragon

485a - 486a

Texts on this page

N479 - dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po