e-texts navigator
Collection
Volume
Page
Wylie

485a1 སོགས་པ་རེངས་པར་བྱེད་ཅིང་ནགས་ཀྱི་བ་མུན་ལ་སོགས་པ་ནཱ་ཅན་རྣམས་དང་།མཆེ་བ་ཅན་རྣམས་རྙོངས་པར་བྱེད།།གྱོ་མཱ་ལ་ལན་བཟླས་ཏེ་ཆུར་བཅུག་ན་ཆུ་གནས།
485a2 པ་རྣམས་ཁ་བཅིངས་པར་བྱེད།།དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་གཙོ་བོའི་མེང་སྨོས་པའི་སྔགས་སྣ་ཚོགས་རྡོ་རྗེའི་དབུསུ་བྲིས་པ་སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་ག་ཝཾ
485a3 བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པ་བྲིས་ཏེ།ཕྱོགས་རྡོ་རྗེས་རྒྱན་པའི་སྒྲ་ཚིལ་གྱིས་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་པའི་སྔགས་ཕ་རོལ་གྱི་དཔུང་གི
485a4 ཚོགས་ཀྱིས་མཚམསུ་བཅུག་ན་དཔུང་གི་ཚོགས་རེངས་པར་བྱེད།།སྔགས་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ་ཐ་ཟུང་གིས་ཡོངསུ་བསྐོར་བའི་ཕྱི་རོལ་དུ་ཡི་གེ་ལམ་བརྒྱད་ཀྱིས་བསྐོར་བ
485a5 དབང་ཆེན་གྱི་དཀྱིལ་འཁོར་གྱིས་ས་ནོན་པ།སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་པོ་གྲོག་མཁར་གྱི་འཇི་བ་ལས་བྱས་པའི་ཚོགས་ཀྱི་བདག་པའི་ཁོང་པར་བཅུག་ནས་དུར་ཁྲོད་ཀྱི
485a6 བུམ་པའི་ནང་དུ་བཅུག་སྟེ་དུར་ཁྲོད་དུ་སྨྲས་པའམི།ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རེངས་པར་བྱེད།།མེ་ལ་མངོན་དུ་ཕྱོགས་ཤིང་སྔགས་འདིས་མངོན་པར་བསྡབས
485a7 པོའི་ཆུ་སྙིམ་པ་བདུན་རབ་ཏུ་གཏོར་ན་ཁྱིམ་དང་སྲུང་རར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད།།ཐལ་བས་སྲུང་བར་བྱེད།།ཐལ་བས་བཅིངས་པས་སྐྱུགས་པ་ལྡོག་པར་བྱེད།།མཐེའུ་ཆུང་།




iiif viewer powered by OpenSeadragon

484b - 485b

Texts on this page

N479 - dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po