| | e-texts navigator
|
484b1 ཁ་བཅད་དེ་ཉིད་དུ་སྦས་པ་སྔ་མདུལ་རེངས་པར་བྱེད།།ཕྱུང་ནས་འོ་མ་ཆུས་དཀྱུས་ཏེ་ཆུར་བོར་བསྲ་ཞི་བར་འགྱུརརོ།།ཡུང་པོ་འམ་བབླས་གྲོ་གའམ།གོས་སམ།ལོ་མ་ལ་མངོན་པར་བྲིས་ཏེ་སྨྲ་ཚལ
484b2 ནང་དུ་བཏུམ་པའི་སྔགས་འདི་གློག་མཁར་གྱིས་ལས་འཇིགས་བྱེད་ཀྱི་གཟུན་སུ་བྱས་པ་དེའི་སྙིང་ཀར་བཅུ་བུཾ་སྟེ་ཐལ་བས་བཀང་ནས་སྦས་ན་རྒོལ་བ་དང་ཕྱིར་རྒོལ་བའི་ཁར་རེངས་པར་བྱེད།།རྩོད་སྤྱོད་བྱེད
484b3 པན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པོའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་བེཙོངས་པར་འགྱུར།།རྡོ་རྒྱུས་ཀྱིས་ཁཾ་ཕོར་ལོ་བྲིས་ཏྭེ།ཐལ་བས་ཁ་སྦྱར་དུ་བྱས་ཏེ་སྲས་ནོན
484b4 མི་སྦྲན་པར་སྨྲ་བའི་ཁ་རེངས་པར་བྱེད།།རྫ་མཁན་གྱི་ལག་པ་བྱིས་པའི་འཇིམ་པ་ལས་ལུག་གི་གཟུགས་བྱས་པའི་སྙིང་ཁར་སྒྲ་ཚིལ་གྱིས་བཏུམས་པའི་སྔགས་བཅུག་ན་ཁྲོས་པོའི་ཁ་རེངས་པར
484b5 བྱེད།།སྐྱེའི་མ་དཔུང་པ་ལ་བཏགས་ན་གཡུལ་ངོགས་ཀྱི་མཚོན་ཆའི་དཔལ་ཞི་བར་བྱེད།།གྲོག་མཁར་གྱི་འཛི་བ་ལས་བྱིས་པའི་ཚོགས་ཀྱི་བདག་པོའི་རྐང་པའི་མཐིལ་དུ་སྔགས་ཀྱི་རྒྱལ་ནི
484b6 བཅུག་སྟེ་བཞི་མདོར་སྦས་ན་འགྲོ་བ་དང་འོང་བ་ཐཾད་རེངས་པར་བྱེད།།བརྟགས་པ་བྱེད་པ་ཐཾད་རེངས་པར་བྱེད།།བྲོ་གའམ་གོས་ལ་སྔགས་ཀྱི་རྒྱལ་པོ་འདི་བྲིས་ལ་སྤྲ་ཚིལ་གྱིས་བཏུམས་ཏེ་དེ་ཉིད།
484b7 ཀྱི་ཁང་པར་བཅུག་ལ་བུམ་པ་སེར་པ་ཆུས་བཀང་བའི་ནང་དུ་བོ་ཅུག་ན་ཡོངསུ་བརྟག་པར་རེངས་པར་བྱེད།།བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེ་སུ་དྲན་ཞིང་མདུན་པ་བཅིངས་པས་ལམ་དུ་རྐུན་པོ་ལ
iiif viewer powered by OpenSeadragon
484a - 485a