| | e-texts navigator
|
483b1 བླའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་།གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་འཆང་བ་དང་།མཆོད་པ་དང་།རིམ་གྲོ་བགྱིད་པར།
483b2 སེམས་ཅན་དེ་དག་ལ་བདག་ཅོག་གིས་སྲུང་བར་བགྱི།ཡོངས་སུ་བསྐྱང་བར་བགྱི།གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི།།བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར
483b3 བགྱིའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྤྲིན་གྱི་སྡེ་དཔོན་ཆེན་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དག་གང་གི་ཕྱིར་ཁྱེད
483b4 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའོ་འོད་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ།སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ།།དེ་ནས་ཚེ་དང
483b5 ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་གྲ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད
483b6 ནས་བཅོམ་ལྡན་འདས་ལ་འདྲི་སྐད་ཅེས་གསོལ་ཏེ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།འདི་ཇི་ལྟར་བཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ
483b7 སྩལ་པ།ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཅེས་བྱ་བར་བཟུང་ཤིག།བྱང་ཆུབ
iiif viewer powered by OpenSeadragon
483a - 484a