e-texts navigator
Collection
Volume
Page
Wylie

481b1 བྱ།བྱུང་ཆུང་སེམས་དཔའ་བསྐྱབ་གྲོལ་གྱིས་སྨྲས་པ།།བཙུན་པ་ཀུན་དགའ་འོ།།གླང་དགྲ་ནད་ཆེན་པོ་ལས་ཡོངསུ་ཐར་པར་འདོད་པ་དེ་དག་གི་ནད་པ་དེའི་དོན་དུ།ཉོན་ལྡན་གསུམ
481b2 མཚན་ལན་གསུམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཡིད་ལ་བྱའོ།།མདོ་འདྲི་ལྡན་བཞི་བཅུ་རྩ་དབུ་གདོན་པར་བྱའོ།།ཞག་བཞི་བཅུ་རྩ་དབུར
481b3 མར་མེ་དུད་པར་བྱའོ།།སྐུ་གཟུགས་བདུན་བྱའོ།།སྐུ་གཟུགས་རེ་རེའི་སྤྱན་སྔར་ཡང་མར་མེ་བདུན་བདུན་བཞག་གོ།མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ།ཅི་ནས་ཀྱང
481b4 ཞག་བཞི་བཅུ་རྩ་དབུར་མྱུར་མེ་མི་ཟད་པར་བྱའོ།།ཚུན་སྣ་ལྔ་པའི་བོ་དུན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ།།བཙུན་པ་ཀུན་དགའ་བོ་གཞན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར
481b5 བ་རྣམས་ལ།ནད་ཀྱི་གནོད་པ་འམ།རང་གི་དམག་ཚོགས་སམ།ཕ་རོལ་གྱི་དམགོ་ཚོགས་ཀྱིས་གནོད་པོའམ།རྒྱུ་སྐར་གྱི་གནོད་པའམ།གཟའ་ཟླ་བའི་གནོད་པ་འམ།གཟའ་ཉི་མིལ
481b6 གནོད་པའམ།དུས་མ་ཡིན་པའི་རླུང་དང་།ཆར་གྱི་གནོད་པ་འམ།ཐན་པའི་གནོད་པ་ཡང་རུང་སྟེ།གནོད་པ་དང་ནད་འགྲོ་བ་དང་འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན་རྒྱལ་པོ་རྒྱལ་རིག།
481b7 སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བྱ།བཙོན་དུ་བཟུང་བ་རྣམས་བཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན




iiif viewer powered by OpenSeadragon

481a - 482a

Texts on this page

N454 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo