e-texts navigator
Collection
Volume
Page
Wylie

481a1 རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སྨད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བ་དང་།མི་དགེ་བ་བྱིས་པ་དེ་ཐམས་ཅད་ལ།
481a2 པར་ཡི་གེ་ལ་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྡུལ་ཕུལ་བ་དང་།ཆོས་ཀྱི་རྒྱལ་པོ་བྲ་ཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ།
481a3 ལས།གང་དྲག་རྙེད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་སྐྱབསུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པ་བགྱིད་ན་དེའི་རྣམ་པར་ཤེས་པ
481a4 སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདེག་ཉིད་ཀྱི་འཚལ་བའི་གནས་དེར་མཆི་སྟེ།ཡང་ན་ནི་གདུགས་བདུན།།ཡང་ན་ནི་གདུགས་ཉི་ཤུ་རྩེ་གཅིག།ཡང་ན་ནཱི་གདུགས་སུམ་ཅུ་རྩ་ལྔ།
481a5 ཡིད་ནཱ་ནི་གདུགས་བཞི་བཅུ་རྩ་དགུ་ལྔ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ།དེ་དགེ་བ་དང་མྱི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མྱང་ངན་སུམ་དུ་འགྱུར
481a6 སྲོག་གི་སླད་དུ་ཡང་སྡིག་པའི་ལས་མི་བགྱིད།།དེ་ལྟ་ལགསྲ་བས་དྲེད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དེ་ལྔ་མཆོད་པར་བགྱིའོ།།དེ་ནས་ཚེ་དང་ལྡན
481a7 པ་ཀུན་དགའ་བས་བྱང་ཆུབ་སེམས་དཔའ་བསྐྱབ་བྲེལ་ལ་འདི་སྐད་ཅེས་སྨྲསོ།།རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་ཇི་ལྟར་མཆོད་པ




iiif viewer powered by OpenSeadragon

480b - 481b

Texts on this page

N454 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo