| | e-texts navigator
|
480b1 པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཚད་མེདོ།།ཐབས་ལ་མཁས་པ་ཡང་ཆད་མེདོ།།སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང
480b2 ཚད་མེདདོ།།ང་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐལ་པའམ་བསྐལ་པ་ལས་ལྷག་པར་རྒྱ་ཆེར་ཡང་དག་པར་བཤད་པར་འདོད་ཀྱང་བསྐལ་པ་ཟད་པར་འགྱུར
480b3 གྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མཐའ་རྟོགས་པར་མི་འགྱུར།།ཡང་དེའི་ཚེ་འཁོར་དེའི་ནང་ནས་བྱང་ཆུབ
480b4 སེམས་དཔའ་སེམས་དཔའ་ཆེན་པོ་བསྐྱབ་གྲོལ་ཞེས་བྱ་བ་སྟན་ལས་ལངས་ཏེ།བླ་གོས་ཕྲག་པོ་གཅིག་ཏུ་གཟར་ནས་དབུས་མོ་གཡས་པའི་ལྷ་ང་སྲ་ལ་བཙུགས་ཏེ།བཅོམ་ལྡན་འདས
480b5 གྲ་ལ་བ་དེར་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདྲས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་བྲོ་ནད་སྣ་ཚོགས།
480b6 ཀྱིས་ཡོངསུ་གཟིར་ཏེ།ཡུན་རིང་པོའི་བྲོ་ནུད་ཀྱི་ལུས་ཀྱི་ཤྭ་བས་ཤིང་བསྐྱེས་པ་དང་།སྐོམ་པ་སྣ་གྲྀ་བཱ་དྲུང་མཆུ་ནི་བསྐམས།འགུམ་པ་ལ་ནི་མངོན་དུ་ཕྱོགས།མཛའ་བཤེས་དང་།ཉེ་དུ་དང
480b7 སྣག་གི་གཉེན་མཚམས་དུ་བ་རྣམས་ཀྱིས་ནི་བསྐོར།།ཕྱོགས་རྣམས་ནི་མུན་པར་མཐོང་།།གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ།དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས
iiif viewer powered by OpenSeadragon
480a - 481a