| | e-texts navigator
|
480a1 ལྡན་འདས་དེ་ལྟ་ལྕགས་ཀྱིས་ཀྱང་།སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དགྲ་མཆིས་ཏེ།སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་འདྲི་ཐོས་ན
480a2 དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ།དེ་བཞིན་གཤེགས་པ་དེའི་མཚན་འདི་དྲན་པ་ཙམ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་ཕན་ཡོན་དུ་འགྱུར་སྙམ་ནས།དེ་དག་མི་དད་ཅིང་ཡིད་ཆེས
480a3 ཤིང་སྤོང་བས།ཡུན་རིང་པོར་གནོད་པ་དང་།མི་སྨན་པ་དང་།མི་བདེ་བ་དང་།ལོག་པར་ལྟུང་བར་འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་དེ་བཞིན
480a4 གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་ངན་འགྲོ་ངན་སོང་དུ་འགྲོ་བར་འགྱུར་བ་ནི་གནས་མེ་དེ་གོ་སྐབས་མ་ཡིནོ།།ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི
480a5 སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་བའོ།།ཀུན་དགའ་བོ་ཁྱེད་དད་ཅིང་ཡིད་ཆེས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ།།བྱང་ཆུབ་སེམས
480a6 དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་མ་གཽཏོགས་པར།འདི་ནི་ཉན་ཐོས་དང་།རང་སངས་རྒྱས་རྣམས་ཀྱིས་མ་ཡིན་ནོ།།ཀུན་དགའ་བོ་མིར་འགྱུར་བ།
480a7 ནི་རྙེད་པ་རྙེད་པར་དཀའོ།།དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་ཡང་རྙེད་པར་དཀའོ།།དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཡང་རྙེད་པར་ཤིན་ཏུ་དཀའོ།།ཀུན་དགའ
iiif viewer powered by OpenSeadragon
479b - 480b