| | e-texts navigator
|
479b1 །དོ་མྱུར་དུ་ཡོངསུ་ཐར་པར་འགྱུར།།བུ་ཡང་ཡཱན་ལགྲ་ཡོངསུ་ཚང་བར་བཅའ་ཞིང་གཟུགས་བཟང་བ་དང་།མཛེས་པ་དང་།བལྒུ་ན་སྡུག་པ་དང་།དབང་པོ་རྣོ་བ་དང་།བློ་དང་ལྡན་པ་དང་།ནད
479b2 མེདོ་ཅིང་གནོད་པ་ཉུང་བར་འགྱུར།།དེ་ལ་མི་མ་ཡིན་པས་མདངས་འཕྲོག་པར་མི་ནུ་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀྲའ་སྩལ་པ།ཀུན་དགའ
479b3 གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྞྞའི་འོད་དེའི་ཡོན་ཏན་བརྗོད་པར་ཁྱོད་དང་དམ་ཡིད་ཆེས་སམ།།ཡང་ནི་ཁྱོད་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་འདི་ལ་ཡིད
479b4 གཉིས་སོམ།སོམ་ཉི་འམ།ཐེ་ཙོམ་ཟ་བ་མེད་དམ།དེ་སྐད་ཅེས་བཀའ་སྩལ་པ་དང་།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཙུན་པ
479b5 བཅོམ་ལྡན་འདས་དེ་དག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ།སོམ་ཉི་འམ།ཐེ་ཙོམ་འཚལ་བ་མ་མཆི་སོ།།དེ་ཅིའི་སླད་དུ་ཞེ་ན།དེ་བཞིན་གཤྱེ
479b6 པ་རྣམས་ལ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་ཡོངསུ་མ་དག་པ་མི་མངའ་བའི་སླད་དུའོ།།བཅོམ་ལྡན་འདས་གདུགས་དང་གུད་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་ཞི་དེ་འདི་ལྟར་མཐུ་ཚེ
479b7 བབའདི་གཉིས་ནི་དོགས་ལ་ལྟུང་ཡང་གདའ།རོའི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་གེད་འི།སངས་རྒྱས་རྣམས་ཀྱིས་བཀའ་ནི་གཞན་དུ་མི་འགྱུར་ལོགས་སོ།།བཙུན་པ་བཅོམ
iiif viewer powered by OpenSeadragon
479a - 480a