| | e-texts navigator
|
478a1 དེ་བཞིན་གཤེགས་པ་སྨན་དྷ་དྷཱ་ནྡནཱ་འོད་འད་དེའི་མཚན་དང་།སྔོན་རྒྱུ་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་འདི་འཛིན་པ་དེ་དག་དུས་མ་ལགས་དང
478a2 འགུམ་པར་མི་འགྱུར།སུས་ཀྱང་མདྲངས་འཇོག་པར་མི་ནུས་ཏེ།ཕྱོགས་ན་ཡང་སླད་འཕྲོག་པར་འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་དེ་དེ་བཞིན་ཏེ་ཇི་སྐད
478a3 སྨྲས་པ་བཞིནོ།།འཛེམ་དཔལ་དད་པའི་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་གང་དག་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱེད་པ་དེ་དག་གིས་དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་བྱེ།
478a4 ཉིན་ཞག་བདུན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱའོ།།ཁ་ཟས་གཙང་མ་བཟའ་ཞིང་ལུས་ལེགས་པར་བཀྲུས་ཏེ།གོས་བཟང
478a5 པོ་དྲི་མ་མེད་པ་བགོ་ཞིང་།།ཕྱོགས་གཙང་མདྨ་མེ་ཏོག་སྣ་ཚོགས་བསིལ་མ་བཀྲམ་པ།སྤོས་སྣ་ཚོགས་ཀྱིས་བདུག་པ།རས་དང་།གདུགས་དང་།རྒྱལ་མཚན་སྣ་ཚོགས་ཀྱིས
478a6 ལེགས་པར་རྒྱན་པའི་སྣ་ཕྱོགསུ་དྲི་མ་མེད་པའི་སེམས་དང་།རྙོག་པ་མེད་པའི་སེམས་དང་།གནོད་སེམས་མེད་པའི་སེམས་དང་།བྱམས་པའི་སེམས་དང་།བཏང་སྙོམས་ཀྱི
478a7 སེམས་དང་།མཉམ་པའི་སེམསུ་བྱ།རོལ་མོའི་སྒྲ་དང་།སིལ་སྙན་དང་།གླུ་དབྱངས་བླང་ཞིང་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལ་བསྐོར་བར་བྱ་སྟེ།དེའི་སྔོན་གྱི་སྨོན་ལམ
iiif viewer powered by OpenSeadragon
477b - 478b