e-texts navigator
Collection
Volume
Page
Wylie

327b1 ཅད་དེའི་དབང་དུ་འགྱུར་ཏེ་རང་གི་གན་སུ་ཡང་ཁྲིད་པར་བྱེད་དོ།།ལོག་འདྲེན་སྒྲུབ་པར་འདོད་ན་ཨ་དྷི་མུཀྟ་ཀཱའི་མེ་ཏོག་འབུམ་གཏོར་ན་ལོག་འདྲེདྲོན་ཐམས་ཅད་དངོས་གྲུབ་སྦྱིན་པར་བྱེད་དེ།། ཤྭད
327b2 ཐའི་ལོ་མ་སྦྲང་རྩི་ལ་སྐྱུགས་ཏེ།བརྒྱ་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མེ་ཐམས་ཅད་སྔགས་པ་དེ་ལ་ཉིན་གཅིག་བཞིན་དུ་སྒོ་སྣོད་གང་བ་ཅི་འདོད་པ་འབུལོ།།རྨ་བྱོའི་སྒོ་བརྒྱད་སྦྱིན་སྲེག
327b3 བྱས་ན་བདུད་ཀྱི་གདོན་ཐམས་ཅད་བསལ་བར་འགྱུརརོ།། གྲ་རུ་ས་མརྡ་ནཱན།སྟེ་ཧ་སྲ་ན་ཛུ་ཧུ་ཡཱད་རཱ་ཛ་བ་ཤོ་བྷ་བ་ཏཱ།པྲཱི་ཡང་ཁུ་བའི་ཡམ་སྲེག་ཤིང་གིས་ནི།མ་ཧཱ་རཱྀ་ཛ་གྲ་མ་ཧི
327b4 ཤི་བ་ཤོ་བྷཽ་བ་ཏི།ཾ་ག་རུའི་ཡ་མ་སྲེག་ཤིང་གི་མེ་བུས་ལ་ཏི་ལ་འབྲུ་ཁྲི་སྦྱིན་སྲེག་བྱས་ན་ཡུལ་དབང་དུ་འགྱུརརོ།།ཤིང་འོ་མ་ཅན་གྱིས་མེ་བུས་ལ་ཏིལ་འབྲུ་འབུམ་སྦྱིན་སྲེག་བྱས་ན་ཤ
327b5 ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ།།ཤིང་མ་ད་ཀ་ས~ཾ་མེ་བུས་ལོ་ན་ལེ་ཤམ་གྱི་འབྲུ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འབྱུང་པོ་ཐམས་ཅད་དབང་དུ་འགྱུར་ཏེ་འབྱུང་པོའི་བདག་པོ་རེ་རེ
327b6 ལ་ཡང་ཉིན་གཅིག་བཞིན་དུ་གཡོག་བརྒྱུའི་ཟས་སྦྱིན་པར་བྱེད་དོ།།གར་འདོད་པ་དེར་འཕྲག་པ་ལ་བསྐྱོན་ཏོ་འགྲོའོ།།མོན་སྲན་གྲེའུ་འབུམ་སྦྱིན་སྲེག་བྱས་ན་འབྱུང་མོ་ཐམས་ཅད་དབང་།
327b7 དུ་འགྱུར་ཏེ།དེ་དག་སྔགས་པས་དེའི་ཡོ་བྱད་ཐམས་ཅད་སྒྲུབ་བོ།།འཇམ་དཔལ་འདི་དག་ལ་སོགས་པ་གཟུངས་འདི་རྣམས་ཀྱིས་སྒྲུབ་པ་དག་ནི་གང་དུ་སྦྱོར་བ་དེའི་དངོས་གྲུབ་སྦྱིན་པར




iiif viewer powered by OpenSeadragon

327a - 328a

Texts on this page

N450 - 'phags pa lag na rdo rje dbang bskur ba'i rgyud chen po