| | e-texts navigator
|
327a1 པན་ལྔ་ལྔ་རྙེད་པར་འགྱུར།།ཙ་སྟེ་ཐམས་ཅད་གཉིད་ཀྱིས་ལོག་པར་བྱེད་འདོད་ན་གྲོང་ཁྱེར་གྱི་བདག་པོའི་ལྷའི་གཟུགས་རི་མོར་བྲིས་ལ་སྨྲེ་ཅིའི་སྦྱིན་སྲེག་བྱས་ཏེ།དེའི
327a2 ཐལ་བ་ཐོབས་ལ་གྲོང་ཁྱེར་དུ་སོང་སྟེ།གཏོར་ན་དེ་དག་ཐམས་ཅད་གཉིད་ཀྱིས་ལོག་ཅིང་འདུག་པར་འགྱུར་ཏེ་ཅི་འདོད་པ་བྱེད་དོ།།སྦྱོང་ཁྱེར་ལ་ཇི་ལྟ་བ་བཞིན་དུ་སྦྲུལ་ལ་ཡང་དེ་བཞིན་དུ
327a3 བྱའོ།།མཚེའུ་སྐམ་པར་འདོད་ན་སྲེག་བླུགས་རང་གི་ཁྲག་དང་སྦགས་ལ་ཁྲི་སྦྱིན་སྲེག་བྱས་ལ་དེའི་ཐལ་བ་བླངས་ཏེ་མཚོའུ་དེར་གཏོར་ན་མཚེའུ་སྐམ་པར་འགྱུར་ཏེ།དེ་ན་གནས་པའི་ཀླུ
327a4 རྣམས་ཅི་འདོད་པ་བཞིན་དུ་རིན་པོ་ཆེ་རྣམས་འབུལོ།། བ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན་ལྷ་མོ་དཔལ་མཐོང་བར་འགྱུར་ཏེ།ས་ཙ་རཱ་ཛྱ་མ་པྲ་ཡང་ཚ་ཏི།བྲེལ་བའི་འབྲས
327a5 བུ་སྟོང་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོའི་མདུན་ན་འདོན་དུ་འགྱུརརོ།།མྱ་ངན་འཚང་གི་ཡོམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན་རྐང་པ་བཞི་པ་ཐམས་ཅད་དབང་དུ་འགྱུརརོ།།སྣ་མའི་མེ
327a6 ཏོག་འབུམ་སྦྱིན་སྲེག་བྱས་ནཱ་རྒྱལ་པོའི་ཕོ་བྲང་འཁོར་དུ་ཚིག་གཟུང་བར་འོས་པར་འགྱུརརོ།།སྣ་མའི་མེ་ཏོག་འབུམ་སྦྱིན་སྲེག་བྱས་ན་བུད་མེད་ཐཾད་དབང་དུ་བྱས་པར་འགྱུརོ།།སྐེ་ཚེའི
327a7 སྡོང་བུའི་ཡམ་སྲེག་ཤིང་སྦྲང་རྩི་ལ་སྐྱུགས་པ་བརྒྱ་སྦྱིན་སྲེག་བྱས་ན་གདོན་ཐམས་ཅད་དེ་ལ་ཞི་བར་བྱེད་པར་འགྱུརརོ།།འབྲོས་ཀྱི་འོ་ཐུག་དང་སྦྲང་རྩི་འབབ་ཆུའི་ནང་དུ་གཏོར་ན་ཀླུ་མོ་ཐམས
iiif viewer powered by OpenSeadragon
326b - 327b