e-texts navigator
Collection
Volume
Page
Wylie

326b1 ཤམ་མ་འབྲུ་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་ཐུལ་བསྒྱངས་ཏེ་ཐིག་ལེ་བྱས་ལ་མོན་སྲན་སྡེའུ་ལ་སོགས་པའི་ཕུང་པོའི་ནང་དུ་གཏོར་ན་དེ་མི་ཟད་པར་འགྱུརརོ།།ནྱ་སྟེ་འཇམ་དཔལ་སྒྲུབ་པར་འཛུད་ན
326b2 ཨ་ག་རུ་དང་བསྲེས་པའི་གེ་ཝང་གིས་དཀྱིལ་འཁོར་བསྐུས་ལ་དོར་གཟུགས་བཞག་སྟེ།ཟླ་བ་གཅིག་བཟླས་བརྗོད་བྱས་ན་བདག་ཉིད་འཇམ་དཔལ་མཐོང་བར་འགྱུར་ཏེ་དེ་སོ་ཆོས་སྟོན་ཏེ།
326b3 དེ་ཐོས་ནས་ཐོས་པ་འཛིན་པར་འགྱུར།།རིག་སྔགས་འཆང་ཉིད་ཀྱང་ཐོབ་པར་འགྱུརརོ།།དེ་ཇི་སྲིད་འདོད་ཀྱི་བར་དུ་ཡོངསུ་རྫོགས་པར་བྱེད་དོ།།པདྨ་དཀར་པོ་བརྒྱ་སྟོང་ཕུལ་ན་དེ་ལ་འཇམ་དཔལ
326b4 འགྲུབ་པར་འགྱུར་ཏེ་རྒྱལ་སྲིད་དམ་ས་འོག་ཏུ་འཇུག་པ་འམ།མི་སྣང་བར་བྱ་བ་འམ།ཐོས་པ་འཛིན་པ་འམ།སྨན་བཅུད་ཀྱིས་ལེན་ཡང་རུང་སྟེ།དམ་པ་ལྔ་ལས་གང་ཡང་རུང་བ་གཅིག
326b5 སྦྱིན་པར་བྱེད།།སྐྱུ་རུ་རའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དབང་དུ་འགྱུར་ཏེ་དེ་དག་ཅི་འདོད་པ་གྲུབ་པར་བྱེད་དོ།།བིལ་བའི
326b6 འབྲས་བུ་འབུམ་སྦྱིན་སྲེག་བྱས་ན།དཔལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་ཏེ།ཅི་འདོད་པ་བཞིན་དུ་སྒྲུབ་པོ།།ན་ཛཱ་དི་མ་པྲ་ཡང་ཅན་ཏི།བཱ་རུ་རིའི་འབྲུ་སྦྱིན་སྲེག་བྱས
326b7 ན།དབྱངས་ཅན་ཐམས་ཅད་འགྲུབ་པར་འགྱུར་ཏེ།དེ་དག་གྲུབ་ངས་ཚིག་ཟིགས་པ་མེད་པར་འགྱུར་རོ།།པྲི་ཡང་ཀུརྗེ་མེ་ཏོག་ཁམ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིནི་དུ་ཀར་ཤ




iiif viewer powered by OpenSeadragon

326a - 327a

Texts on this page

N450 - 'phags pa lag na rdo rje dbang bskur ba'i rgyud chen po