e-texts navigator
Collection
Volume
Page
Wylie

326a1 ཤུ་ཀའི་མེ་ཏོག་འབུམ་ཕུལ་ན་དི་ན་ར་སྟང་རྙེད་པར་འགྱུ་རོ།།ལག་ནི་རྡོ་རྗེའི་གཟུགས་ཀྱི་ལྡབ་པ་ལ་བཟུང་སྟེ།ཟླ་བ་གྲཅིག་བཟླས་བརྗོད་བྱས་ན་ཉོན་གཅིག་བཞིན་དི་ནཱ་ར་རེ་རོ།།
326a2 སྦྱིན་པར་བྱེད་དོ།།ལག་ན་རྡོ་རྗེའི་གཟུགས་པདྨའི་འདབ་མའི་སྟེང་དུ་བཞག་སྟེ།སྣ་མའི་མེ་ཏོག་ཁ་མ་བྱེ་བ་ཁྲི་ཕུལ་ན་ཉིན་གཅིག་བཞིན་ཀར་ཤ་པ་ན་རེ་རེ་སྦྱིན་པར་བྱེད་དོ།།ཟླ་བཅུག་ཏུ
326a3 ནོམ་ཕྱེད་ན་ལངས་ཏེ་ཉིན་ཅིག་བཞིན་གིའུ་ཝང་གིས་དཀྱིལ་འཁོར་བྱས་ལ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ལས་ཐད་ནུས་པར་འགྱུརརོ།།བགེགས་རྣམས་ཀྱིས་མི་འཚེ་བར
326a4 འགྱུར་རོ།།ཟླ་བ་གཅིག་ཏུ་ཙན་དན་དམར་པོས་དཀྱིལ་འཁོར་བསྐུས་ལ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ།།རང་གི
326a5 ཁྲག་གིས་དཀྱིལ་འཁོར་བསྐུས་ཏེ།ཟླ་བ་གཅིག་བཟླས་བརྗོད་བྱས་ན་མཁའ་འགྲོ་མ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ།།ཤུ་དག་དཀར་པོ་འབུམ་སྦྱིན་སྲེག་བྱས་ན
326a6 མ་མཐད་འགྲུབ་པར་འགྱུར་ཏེ།དེ་དག་ཅི་འདོད་པ་དེ་ཐམས་ཅད་སྒྲུབ་བོ།།འབྲས་ཀྱི་འབྲུ་སྟོང་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་སྣོད་གང་བརྙེད་པར་འགྱུརརོ།།སྒེའུ་གཤེར
326a7 ཀྱི་རྩ་བ་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་ཀར་ཤ་པ་ན་བཞི་རྙེད་པར་འགྱུར་རོ།། པ་མརྒའི་སྙིང་པོ་ཁྲ་སྦྱིན་སྲེག་བྱས་ན་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་འགྱུརརོ།།ན་ལ




iiif viewer powered by OpenSeadragon

325b - 326b

Texts on this page

N450 - 'phags pa lag na rdo rje dbang bskur ba'i rgyud chen po