e-texts navigator
Collection
Volume
Page
Wylie

325b1 ཤི་ཀ་རོ་ཏྲི་ཨ་ཏཱི་མུཀ་ཏ་ཀའི་མེ་ཏོག་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཡུལ་དབང་དུ་འགྱུར་རོ།།མར་གྱི་སྦྱིན་སྲེག་གིས་ཞག་བཞི་པ་མེད་པར་འགྱུར།།སྣ་མའི་མེ་ཏོག་སྦྲང་རྩི་དང་བསྲེས་པ་སྦྱིན་སྲེག
325b2 བྱས་ན་ཉིན་གཅིག་བཞིན་དུ་དི་ན་ར་རེ་རེ་རྙེད་པར་འགྱུརརོ།།དེ་ནས་ཀླུ་སྒྲུབ་པར་འདོད་པས་མ་ལི་ཀིའི་མེ་ཏོག་ཁ་མ་བྱེ་བ་འབུམ་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་འགྲུབ་པར་འགྱུར་ཏེ།དེ་དག་ཡོད
325b3 པ་ཐམས་ཅད་ཀྱིས་ཅི་འདོད་པ་བཞིན་འགྲུབ་བོ།།མྱ་ངན་འཆང་གི་མྱེ་ཏོག་ཁ་མ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་ཐམས་ཅད་འགྲུབ་པར་འགྱུར་ཏེ།ཉིན་གཅིག་བཞིན་གཡོག
325b4 བརྒྱའི་གོས་ཟས་འབུའོ།།པི་སྟེ་གནོད་སྦྱིན་མོ་དབང་དུ་བྱ་བར་འདོད་ན་ཨ་ག་རུའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲོག་བྱས་ན་གནོད་སྦྱིན་མོ་ཐམས་ཅད་དབང་དུ་འགྱུར་ཏེ་དེ་དག་ཅི་འདོད་པ
325b5 བཞིན་དུ་འགྲུབ་བོ།།ཇི་སྟེ་ལག་ན་རྡོ་རྗེ་སྒྲུབ་པར་འདོད་ན་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞི་འབུམ་བཟླས་བརྗོད་བྱས་ལ་ཐ་མར་ཟླ་བ་ཉ་ལ་ཨུཏྤ་ལའི་མེ་ཏོག་ཙོ་འབྱོར་པས་མཆོད་པ་བྱས
325b6 ཏེ།མཚན་རངས་བཟླས་བརྗོད་བྱས་ན་ནིང་པོར་རམ་ཉི་མྲ་ཤར་ན་ལག་ན་རྡོ་རྗེ་འོང་སྟེ།འོངས་ནས་སྔགས་པའི་མགོ་ལ་རེག་པ་བྱེད་དེ།རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔ་དང་ལྡན
325b7 པར་འགྱུརརོ།།རིག་སྔགས་འཆང་ཉིད་དམ་གཞན་ནི་ཡང་རུང་བ་ཅིག་རྙེད་པར་འགྱུརརོ།།དེས་ཅི་འདོད་པ་དེ་ཐམས་ཅད་རྙེད་པར་འགྱུརརོ།།ལག་ན་རྡོ་རྗེའི་གཟུགས་ཀྱི་མདུན་དུ་ཤིང




iiif viewer powered by OpenSeadragon

325a - 326a

Texts on this page

N450 - 'phags pa lag na rdo rje dbang bskur ba'i rgyud chen po