e-texts navigator
Collection
Volume
Page
Wylie

325a1 ན་ང་ན་ས་སུ་གྱུ།། ན་ན་འ་ན་དུ་སྩ་།
325a2 ཀྭའི་མེ་ཏོག་ཁྱི་ཕུལ་ན་ལུས་ལ་ནཱད་ཅི་ཡོད་པ་ཐམས་ཅད་བྱབས་པས་མེད་པར་འགྱུར་ཞིང་བྱིས་མི་ལྡང་ངོ་།།ཚེ་རིང་པོར་ཡང་འགྱུརརོ།།ལུས་ལ་སྐལ་བ་བཟང་པོ་འབྱུང་བར་འགྱུར།།
325a3 ལོ་བརྒྱ་འཚོ་བར་འགྱུརརོ།།ཅི་སྟེ་པ་རིལ་སྐྱོར་མན་གཞིག་པར་འདོད་ན་མཛུན་མོལ་ལན་བདུན་སྔགས་ཏེ་བསྡིགས་ན་དམག་འབྲོས་པར་འགྱུརརོ།།འཐབ་པར་འདོད་ན་དྲུག་པའི་སྒྲ།
325a4 འབུམ་སྦྱིན་སྲེག་བྱས་ན་ཆར་འཐབ་པར་འགྱུརརོ།།དགྲ་པུང་བྱེད་པར་འདོད་པས་སྐེ་ཚེ་འབུམ་སྦྱིན་སྲེག་བྱེས་ན།དགྲ་སྲོག་དང་བྲལ་བར་འགྱུརརོ།།རྒྱུ་ཤུག་གི་འབྲས་བུ་ཚྭ་བ་གསུམ
325a5 མར་དུ་བསྒྲགས་པ་ཁྲི་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཀྱང་མི་གཙེ་བར་འགྱུརརོ།།བ་རུ་རའི་འབྲས་བུ་ཉུངས་ཀར་གྱི་མར་དུ་སྤྱུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཉི་མ་ལྔས
325a6 དགྲ་ཕུང་བར་འགྱུརརོ།།དབང་དུ་བྱས་ན་འབྱས་ས་ལུའི་ཕྱེ་མྱ་ལས་གཟུགས་བྱས་ལ་བཏུབ་ཅིང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་བརྒྱ་བྱིན་ཡང་དབང་དུ་འགྱུརརོ།།ཀར་པི་རའི་མེ
325a7 ཏོག་ཁོ་མ་བྱེ་བ་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་དབང་དུ་འགྱུར་རོ།།སྣ་མའི་ལོ་མ་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་སྨྱོ་བར་བྱེད་དོ།།ཛེ་ཏི་ཀ་ལི་ཀ་ནན་ལ་ཀཱམ་དུ་ཏུ་ཡང་དཛ་ན་པ




iiif viewer powered by OpenSeadragon

324b - 325b

Texts on this page

N450 - 'phags pa lag na rdo rje dbang bskur ba'i rgyud chen po