| | e-texts navigator
|
324a1 བྱེད་དོ།།སྣ་མའི་མེ་ཏོག་ཁ་མ་བྱེ་བ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་དྲི་ན་རེ་རེ་རྙེད་པར་འགྱུརརོ།།ཅི་སྟེ་སྲོག་དང་བྲལ་བར་འདོད་ན་སྲེགས་བླུགས་ལན་ཚྭ
324a2 འབུམ་སྦྱིན་སྲེག་བྱས་ན་སྲོག་དང་བྲལ་བར་འགྱུརརོ།།ཅི་སྟོན་མཁའ་ལྡིང་སྒྲུབ་པར་འདོད་ན་གྲོག་མཁར་གྱི་ས་ལས་ན་མཁའ་ལྡིང་གི་གཟུགས་བྱས་ཏེ།པ་ལས་བྱུང་བའི་རྣམ་ལྔས་བཀྲུས་ལ།
324a3 དེ་ནས་ན་མཁའ་ལྡིང་གི་གཟུགས་དེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ།འབུམ་ཕྲག་ཅིག་བཟླས་བརྗོད་བྱས་ན་དེ་ནས་འགྲུབ་པར་འགྱུར་ཏེ།དེ་ལ་ཞོན་ནས་གང་དུ་འདོད་པ་དེར་འགྲོའོ།།
324a4 དེ་ལ་ཡོ་བྱད་ཐམས་ཅད་ཀྱང་སྒྲུབ་པར་བྱེད།།འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།།ཀླུ་ཐམས་ཅད་དེའི་དབང་དུ་འགྱུར་རོ།།ཅི་སྟེ་འཁོར་ལོ་སྒྱུར་བ་སྒྲུབ་པར་འདོད་ན་ལྕགས་ཨུར
324a5 མོའི་འཁོར་ལོ་བྱས་ལ་སྤོས་ཚུས་བཀྲུས་ལ་གུར་གུམ་གྱིས་བྱུགས་ལ།དེ་ནས་ཨ་ཤྭང་ཐའི་ལོ་མོའི་སྟེང་དུ་བཞག་སྟེ།རི་མའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ་སུམ་འབུམ་བཟླས
324a6 བརྗོད་བྱས་ན་དེས་འགྲུབ་པར་འགྱུར་ཏེ།དེས་གཟུང་བ་ཙམ་གྱིས་རིག་སྔགས་འཆང་འཁོར་ལོས་བསྒྱུར་བར་འགྱུར་ཏེ།རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།།རིག་སྔགས
324a7 འཆང་བྱེ་བ་ཕྲག་དུ་མས་ཡོངསུ་བསྐོར་ཞིང་ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཀྱང་ཡོངས་སུ་བསྐོར་ནས་ལའི་གཞལ་མེད་ཁང་གི་ནང་ནས་ན་མཁའ་ལ་འགྲོ་ཞིང་།རྟག་ཏུ་མཆོད་པ་བྱེད་པར་འགྱུར་རོ།།ཇི
iiif viewer powered by OpenSeadragon
323b - 324b