e-texts navigator
Collection
Volume
Page
Wylie

323b1 ན་འདོན་མཆོག་ཏུ་འགྱུརརོ།།བྲམྲའི་ཁུ་བ་དང་སྦྲང་རྫི་དང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བཞག་སྟེ།དི་ན་ར་རྙེད་ཀྱི་བར་དུ་བཟླས་བརྗོད་བྱའོ།།གུ་གུལ་གྱི་སྦྱིན་སྲོག་གིས་ནི་རྒྱལ་ཕྲན་ཐོབ
323b2 པར་འགྱུ་རོ།།ཤིང་བིལ་བས་སེ་པུས་ལ་མ་ལི་ཀའི་མེ་ཏོག་འབུམ་ཕྲག་ཅིག་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་དབང་དུ་འགྱུརརོ།།བ་རུ་རའི་ཤིང་གིས་མེ་བུས་ལ་ཨ་ག་རུའི་ཡམ་སྲེག
323b3 ཤིང་ཁྲིའི་སྦྱིན་སྲེག་བྱས་ན་གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ།།ལྷ་ཆེན་པོའི་གནས་སུ་སོང་སྟེ་བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ་ཨརྒའི་མེ་ཏོག་བརྒྱུད་ཕུལ་ན་ལྷ
323b4 ཆེན་པོ་མཐོང་བར་འགྱུརརོ།།དངོས་གྲུབ་གང་འདོད་པ་སྦྱིན་པར་བྱེད།།ལྷ་ཆེན་པོའི་གན་སུ་རི་མོའི་སྐུ་གཟུགས་བྲིས་ཏེ་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་དཀའ་ཐུབ་བཟློག་གི་ཁྱོ་མཐོང
323b5 བར་འགྱུར་ཏེ།དངོས་གྲུབ་ཅི་འདོད་པ་སྦྱིན་བྱེད།།དུར་ཁྲོད་ཆེན་པོར་རི་མོའི་སྐུ་གཟུགས་བྲིས་ཏེ།ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་རོ་ལངས་ཆེན་པོ་མཐོང་བར་འགྱུར་ཏེ།མཆེ་བ
323b6 མི་སྡུག་པར་གཙིགས་ལ་མེའི་ཕུང་པོ་ཆེན་པོ་ལྟར་བྱུང་ན་ཡང་དེ་ལ་འཇིགས་པར་མི་བྱ་བར་ཕྱག་རྒྱ་བཅིངས་ལ་བསྣུན་ན།ངེས་འགྱེལ་བར་འགྱུར་ཏེ།དེ་ལ་དམ་པ་བསླངས་ན་རྒྱལ་སྲིད་དམ།
323b7 གཏེར་རམ།མི་སྣང་བ་འམ།ཡུལ་ལམ་རྐང་མགྱོགས་ཀྱང་རུང་སྟེ།དམ་པ་ལྔ་པོ་དག་ལས་གང་ཡང་རུང་བ་ཅིག་སྦྱིན་པར་བྱེད་དོ།།ལན་ཚྭའི་སྦྱིན་སྲེག་གིས་ནི་ལྷའི་བུད་མེད་འགུགས་པར




iiif viewer powered by OpenSeadragon

323a - 324a

Texts on this page

N450 - 'phags pa lag na rdo rje dbang bskur ba'i rgyud chen po