e-texts navigator
Collection
Volume
Page
Wylie

323a1 ཀིས་ཟིན་པའི་ཚེ་བ་དམར་སེར་གྱི་མར་ཟངས་ཀྱི་སྣོད་དུ་བཅུག་སྟེ།ཙེ་རཱ་རི་རི་ཟེར་གྱི་བར་དུ་བཟླས་བརྗོད་བྱས་ལ།དེ་འཐུངས་ན་ཐོས་པ་འཛིན་པར་འགྱུརརོ།།
323a2 བའི་གསོ་སྦྱོང་བྱས་པས་ཚེས་བཅུ་དྲུག་ནས་བརྩམས་ཏེ་ཏིལ་དང་།སྦྲང་རྩི་བསྲེགས་པས་སྦྱིན་སྲེག་བྱས་ན་རཱ་ཛྙཱ་མ་པྲེ་ཏི་ལ་བྷཱུ་ཏི་རི་མོའི་གཟུགས་ཀྱི་མདུན་དུ་བྱེ་བ་ཕྱག་ཅིག་བཟླས་བརྗོད
323a3 བྱས་ན།བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བར་འགྱུར་ཏེ།ཆོས་སྟོན་པ་ཡང་བྱེའོ།།དེ་ཐོས་པས་ཕྱིར་མི་ལྡོག་པར་ཡང་འགྱུརརོ།།ཙན་དན་དམར་པོ
323a4 ལས་རྡོ་རྗེ་བྱས་ལ་དེ་གློར་བཞག་སྟེ་འབར་བའི་བར་དུ་བཟླས་བརྗོད་བྱས་ན་དེ་ལ་རེག་པ་ཙམ་གྱིས་གླིང་བཞིའི་རྒྱལ་པོར་འགྱུརརོ།།ཤིང་པ་ཏའི་འབྲས་བུ་སྦྱིན་སྲེག་བྱས་ན
323a5 གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུརརོ།།རྒྱུ་ཤུག་གི་འབྲས་བུ་རྣམས་ཀྱང་དེ་བཞིན་ཏེ།གང་གི་མིང་ནས་བརྗོད་ཅིང་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུརརོ།།ཡང་ན་ནིམ་པའི
323a6 འབྲས་བུ་སྦྱིན་སྲེག་བྱས་ན་གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར།།བ་རུ་རའི་མེ་ཏོག་སྦྱིན་སྲེག་བྱས་ན་ཡུལ་ཆེན་པོ་རྙེད་པར་འགྱུརརོ།།མ་ལི་ཀའི་མེ་ཏོག་སྦྱིན་སྲེག
323a7 བྱས་ན་ཟད་མི་ཤེས་པར་འགྱུརརོ།།ཀ་ར་བི་རའི་མེ་ཏོག་འབྲས་བུ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་དི་ན་ར་འབུམ་རྙེད་པར་འགྱུརརོ།།སྣ་མའི་མེ་ཏོག་ཁྲི་སྦྱིན་སྲེག་བྱས་ན་མདུན




iiif viewer powered by OpenSeadragon

322b - 323b

Texts on this page

N450 - 'phags pa lag na rdo rje dbang bskur ba'i rgyud chen po