| | e-texts navigator
|
455a1 རིམ་པར་ཕྱེ་བ་ལས་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་རློབ་པ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་ཤཱི་ལིན་དྲ་བོ་དྷ་དང་།ཞུ་ཆེན་གྱི
455a2 ཙྪ་བན་དྷེད་ལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།།རྒྱ་གར་སྐད་དུ།བྷ་ག་བཱན་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཏནྟྲ་ནཱ་མ།བོད་སྐད་དུ།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན
455a3 པོ་ཅན་གྱི་རྒྱུད་ཅེས་བྱ་བ།བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་བཞུགས་པ་རྣམས་ལ་ཕྱག་འཚེལོ།།འདི
455a4 སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མི་བསྐྱེད་པ་རྡོ་རྗེ་རིགས་ཀྱི་སངས་རྒྱས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་།རྡོ་རྗེ་སྡེ་དང་།རྡོ་རྗེ་ཀུན་ཏུ་འཛིན་པ་དང་།
455a5 རྡོ་རྗེ་རབ་ཏུ་འདུལ་བྱེད་དང་།རྡོ་རྗེ་མི་ཟད་འཇོམས་དང་།རྡོ་རྗེ་གདུག་པོ་ཀུན་འདུལ་དང་།རྡོ་རྗེ་དབྱིངས་ལས་རྒྱལ་བ་དང་།རྡོ་རྗེ་དགྱེས་གནས་སྐྱོ་བ་ལ་སོགས་པའི་འཁོར་བྱེ་བ་ཕྲག་རྙེད་རྣམས་དང་ཐབས
455a6 གཅིག་ཏུ་བཞུགས།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་ཐུགས་ཀཱིར་ལེན་གསུམ་གསོར་ཏེ།བཅོམ་ལྡན་འདས་ལ་བསྐོར་བ་ལནི་གསུམ་བྱས་ནས
455a7 ཕྱག་འཚལ་ཏེ།དབུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་ཆེན་པོ་འབྱུང་པོ་ཀུན་འདུལ་བར་བྱེད་ཅིང་སཽ་འོག་གི
iiif viewer powered by OpenSeadragon
454b - 455b