e-texts navigator
Collection
Volume
Page
Wylie

454a1 ཀྱི་རྒྱུད་ཕྱི་མ་སྨྲས་པ།དང་པོ་སློབ་དཔོན་གཙང་སྦྲ་བྱས་ཏེ།ཆོས་ཀྱི་དབྱིངསུ་གྱུར་པའི་ཡིད་ཀྱིས།བདག་རྣམ་པར་སྣང་མཛད་དུ་ཕྱག་རྒྱ་དང་གསང་སྔགས་ཀྱིས་བསྒྱུར་ཏེ།དཀྱིལ་འཁོར
454a2 བྱིའོ།།སྔགས་པ་གསང་སྔགས་ཆོ་ག་ལ།།རྟག་པར་ཆོག་སྔ་མ་ཡིས།།ཕྱེ་མ་དཀར་པོ་བླངསི་ན་སུ།།སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི།།རྟག་ཏུ་མོ་གཡོ་དྲན་བྱས་ཏེ།།དང་པོར་ཆེན་རྩི་དཀྱི་བར་བྱ།།དེ་ནས།
454a3 ཆེན་རྩི་གཉིས་པ་ནི།།དམར་པོར་བླངས་ནས་དགྱེ་བར་བྱ།།ཚོན་རྩི་གསུམ་པ་སེར་པོ་ཡང་།།ཤིན་ཏུ་ངེས་པར་དགྱེ་བར་བྱ།།དེ་ནས་མརྒད་འདྲ་བར་དགྱེ།།དེ་ནས་ཨན་དྷ་རྙིལ་འདྲ་དགྱེ།།གོང་གིས
454a4 ཁ་དོག་ཅི་འདྲར་གསུངམ།།དེ་ཡི་དཀྱིལ་འཁོར་དེ་ཉིད།།ལྷོ་ཡི་ཁ་དོག་དེ་བཞིན་ཏེ།།ཞི་དང་རྒྱས་དང་དགེ་སྤྱོད་པ།།དེ་ཡིས་གསོང་སྔགས་དེ་ཉིད་འདོད།།དེ་ནི་གསང་བ་བསྟན་པ་ཡིན།།དེ་བཞིན་གཤེགས
454a5 པའི་གསང་བ་གང་།།དེ་དག་དབང་ཆེན་ཡིན་པར་བསྔགས།།ཕྱག་ན་པདྨའི་ཆུ་ཡི་ཡིན།།རྡོ་རྗེ་ཅན་གྱི་རླུང་གི་ཡིན།།ཕོ་ཉ་ལ་སོགས་པན་རྣམས་དང་།།ཁྲོ་བོའི་མིང་དུ་གང་རྟོགས་པ།།ཀུན་ཏུ་ཐོགས་མང
454a6 གླགྲང་རྟོགས་པ།།ཀུན་ཏུ་རྟོགས་མེད་སྤྱོད་པ་རྣམས།།ཀུན་གྱི་དཀྱིལ་འཁོར་མི་དང་རླུང་།།ཡང་ན་འདི་དག་ཐམས་ཅད་ཀྱང་།།ནུས་པའི་མཐུན་ཀུན་དང་ལྡན།།སྟོང་པ་ཉིད་ཀྱི་བདུད་རྩི་ངོགས།།སྙིང་རྗེ་མིག་གི
454a7 དྲི་མ་མེད།།བྱམས་པའི་གོ་ཆ་ལེགས་པར་བགོས།།དགའ་བ་དྲི་མ་མེད་རྩལ་བྲལ།།སྲིད་པའི་རྒྱ་མཚོར་བྱིང་བ་ཡི།།སེམས་ཅན་འདོན་པ་རིབ་ཏུ་བརྩོན།།འཁོར་བ་ནི་ཡང་མི་གནས་ཤིང་།།མྱ་ངན




iiif viewer powered by OpenSeadragon

453b - 454b

Texts on this page

N447 - rnam par snang mdzad chen po mngon par rdzogs par byang chub pa rnam par sprul pa byin gyis rlob pa shin tu rgyas pa mdo sde'i dbang po'i rgyal po zhes bya ba'i chos kyi rnam grangs