e-texts navigator
Collection
Volume
Page
Wylie

453a1 ང་འཛིན་པ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པ་ཡིན་པར་རིགས་པར་བྱ།།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དྲུག་ན་རྡོ་རྗེལ་སོག།
453a2 རྡོ་རྗེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའོ་རྡུལ་ཕྲ་རབ་རྙེད་ལ་བཀའ་སྩལ་པ།རིགས་ཀྱི་བུ་དེ་རྣམས་སྲུང་བ་དང་བསྐྱབ་པ་དང་སྦ་བའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་གཏད་ཀྱིས་རིགས་ཀྱི་བུ་དེ་རྣམས
453a3 རྟག་ཏུ་རྒྱུན་མི་འཆད་པར་སྲུང་བར་གྱིས་ཤིག།ཡོངསུ་བསྐྱབ་པར་གྱིས་ཤིག།གནོད་པ་ལས་བཟློག་པར་གྱིས་ཤིག།དེ་སྐད་ཅེས་བཀའ་སྩལ་པ་དང་།ཕྱག་ནི་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་པདྡྷི།
453a4 ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་རྙེད་པ་དེ་དག་གིས་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་ཐམས་ཅད་དགྱེ
453a5 རིགས་ཀྱི་བུ་དེ་དག་ནེམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྲུང་བར་བགྱིའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་དག་ལེགསོ་ལེགསསོ།།ཁྱོད་ཀྱིས་ཅི་ནས་ཀྱང་སྟོན་པའི
453a6 སྙན་པ་འཇིག་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག།དེ་ནས་གསད་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཛིན་དེ་དག་ཐམས་ཅད་ལ་སྨྲས་པ།གྲོགས་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡ
453a7 དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱ་དཀའ་བ་བདྨ་སྐྱོང་དུ་མར་སྦྱངས་པ་དེ་ནི་བླ་ན་མེད་པེ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡིན་ཏེ།དེབས་ན་ཁྱེད་ཐམས་ཅད་ཀྱི་ནན་ཏན་བསྐྱེད་པ་དེ་།




iiif viewer powered by OpenSeadragon

452b - 453b

Texts on this page

N447 - rnam par snang mdzad chen po mngon par rdzogs par byang chub pa rnam par sprul pa byin gyis rlob pa shin tu rgyas pa mdo sde'i dbang po'i rgyal po zhes bya ba'i chos kyi rnam grangs