| | e-texts navigator
|
452b1 སྤྱན་མ་ཐུན་པོ་རྫོགས་པ་ཅན་ལྷག།འཇིག་ཆགས་པ་ལྟུང་།ནངན་པར་ནན་ཏུ་གྱུར་པ།བདག་གི་སེམས་ཀྱི་གནས་བརྒྱད་པམ་པགས་པ་རྣམས་རྣམ་པར་སྦྲུལ་ནས་འདི་སྐད་དུ།
452b2 འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱིས་འདི་དག་ནི་རང་བཟོ་ཅན་གྱིས་རང་བཟོར་བྱས་པ་ཡིན་ཞེས་ཟེར་བ་དག་འབྱུང་བར་འགྱུརརོ།།གསང་བ་པའི་བདག་པོ་མི་བླུན་པོ་དེ་དག་ནི་འགྲོ་བ་གཉི་སུ
452b3 འགྲོ་བར་རིག་པར་བྱ་སྟེ།གཉིས་གང་ཞེ་ན།འདི་ལྟ་སྟེ་སེམས་ཅན་དམྱལ་བ་དང་དུད་འགྲོའོ།།གསང་བ་པའི་བདག་པོ་དེ་དག་ལ་ནི་དགེ་བའི་རྩ་བའི་རྒྱུ་ཅུང་ཟད་ཀྱང་ཡོད་པར་ང་མི་སྨྲའོ།།དེ་ཅིའི་ཕྱིར་ཞེ་ན།
452b4 དེ་དག་ནི་རྩ་བ་ཆད་པར་བྱེད་པ་ལ་ཞུགས་ཏེ།སངས་རྒྱས་ཀྱི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ།བདུད་ཀྱིས་ཟིལ་གྱིས་ནོན་པ།ཤེས་རབ་འཆལ་པའི་རང་བཞིན་ཅན།ཐེག་པ་ཆེན་པོ་ལ་གོམས་པ
452b5 མ་བྱས་པ།ཉན་ཐོས་ཀྱི་ཐེག་པ་ལ་སྙིང་པོར་འདུ་ཤེས་པ་རྣམས་འབྱུང་བར་འགྱུར་རོ།།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་བརྩོན་པར་གྱུར་པ་དེ་དག་ལ་ཚུལ།
452b6 ཁྲིམས་འཚལ་བ་སྡིག་པའི་ཆོས་སྤྱོད་པ་དེ་དག་ལ་སངས་རྒྱས་ཀྱི་བྱང་ཆུབ་ག་ལ་ཡོད་ཅེས་སྨྲ་བར་འགྱུར་ཏེ།མི་བླུན་པོ་དེ་དག་འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་དེས་སེཾ་ནི་རྣམས་ལ
452b7 ཕན་གདགས་པའི་ཕྱིར་འདི་དག་ཐམས་ཅད་གསུང་སོ།།དེ་དག་ལ་ལྟོ་བའི་སེམས་བསྐྱེད་པས་སྡུག་བསྔལ་གྱི་སྐལ་པ་ཅན་དུ་འགྱུརརོ།།དེ་ཅིའི་ཕྱིར་ཞེ་ན།དེ་དག་ནི་དེ་ཞོན་གཤེགས་པའི་གས
iiif viewer powered by OpenSeadragon
452a - 453a