e-texts navigator
Collection
Volume
Page
Wylie

452a1 ཕྱིན་པ་སྟེ།དེའི་སྒོང་ན་དེ་བཞིན་གཤེགས་པའི་སྙིང་པོ་མདོ།།དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ།གན་སུ་གྱུར་པ།སྐྱང་སུ་གྱུར་པའོ།།གསང་བ་པའི་བདག
452a2 དེ་བས་ན་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དཀྱིལ་འཁོར་དང་ཕྱག་རྒྱ་དང་དམ་ཚིག་འདི་ལ་འཇུག་པར་འདོད་པས་དཀྱིལ་འཁོར་དང་ཕྱག་རྒྱ་དང་དམ་ཚིག་ལ་འཇུག་པ་ཐོབ་པར་འགྱུར་གང་དཔ་དང
452a3 འཇིག་རྟེན་གྱི་ཁམས་མེ་མ་མུར་གྱིས་ཡོསསུ་གང་བ་ལ་ཡང་རྐང་པ་གཉིས་ཀྱིས་འབོགས་ཏེ་འགྲོ་བར་བྱའོ།།བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་སྤྱོད་པ་སྤྱོད་པ་དེ
452a4 རྣམས་ལ་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་།པའི་འདུ་ཤེས་དང་མའི་འདུ་ཤེས་བསྐྱེད་པར་བྱའོ།།གསང་བ་པའི་བདག་པོ་གང་ལོ་རྟེན་ནས།
452a5 སེམས་ཅན་དམྱལ་བ་རྒྱུན་ཆད་པར་འགྱུར་ཞིང་དུད་འགྲོའི་སྐྱེ་གནསུ་འགྲོ་བ་དང་གཤིན་རྗེའི་འཇིག་རྟེན་པའི་ཕུང་པོ་མེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱུང
452a6 ཆུབ་སེམས་དཔའི་སྤྱད་པོ་སྤྱོད་པ་དེ་དག་ལ་ཇི་ལྟར་ལན་ལེན་པོར་འགྱུར།བྱང་ཆུབ་སེམས་དཔའ་དེ་དག་མི་མཉམ་པ་དང་མཉམ་པ་ལ་གནས་པ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས
452a7 བརླབས་ཀྱིས་བྱིན་གྱིས་བརླབས་པ།ན་མཁའ་ལྟར་གནས་པ་མེད་པའི་སྤྱོད་ཡུལ་ཅན་དུ་རིག་པར་བྱའོ།།གསང་བ་པའི་བདག་པོ་ངས་ཁྱོད་ལ་བསྒོ་བར་བྱའོ།།ཤེས་པར་བྱའོ།།མ་འོངས་པའི




iiif viewer powered by OpenSeadragon

451b - 452b

Texts on this page

N447 - rnam par snang mdzad chen po mngon par rdzogs par byang chub pa rnam par sprul pa byin gyis rlob pa shin tu rgyas pa mdo sde'i dbang po'i rgyal po zhes bya ba'i chos kyi rnam grangs