e-texts navigator
Collection
Volume
Page
Wylie

340a1 ཆེན་པོ་རབ་གྲུབ་དང་།།འདོད་ཆགས་ཆེན་པོ་རྣམངའ་ཕྱིར།།དེ་བཞིན་གཤེགས་པ་མཐའ་ཡས་ཉིད།།དམ་པའི་རགས་ནི་བསྐྱེད་དུ་གསོལ།།དེ་ནས་བཅོམ
340a2 ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བདེ་བ་ཆེན་པོ་མི་ཕྱེད་པའི་རྣམ་པར་གནོན་པ་མཛད་ནས།བཅོམ་ལྡན་འདས་ཀྱི་སྐུ་དང་།གསུང་དང་ཐུག
340a3 རྡོ་རྗེ་རྡོ་རྗེ་ཐམས་ཅད་ལ་རབ་ཏུ་ཞུགས་ནས་ཐམས་ཅད་ཀྱི་བདག་ཉིད་མཉམ་པར་སྤྲོས་ནས།བདེ་བ་ཆེན་པོ་རྡོ་རྗེ་ཕྱག་རྒྱའི་གཟུངས་འདི་གསུངས།།ོཾ་དྷིཿདེ་ནས་འདི་ནི་གསུངས་ཅ
340a4 གྱིས།།རྣམ་པ་དྲུག་ཏུ་གཡོས་གྱུར་ཏེ།།སངས་རྒྱས་སྲས་དང་བཅས་པ་ཀུན།།ཀུན་ནས་འདུས་ཤིང་བསྟན་པར་གྱུར།།དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡི་ས།།ཐམས་ཅད་གྲུབ་ཕྱིར་ཀུན
340a5 ནས་བཞུགས།།གཞད་པ་ཆེན་པོའི་ཁྱད་པར་གྱིས།།རྨད་བྱུང་ཆེན་པོ་རབ་ཏུ་བཞད།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དེ་བཞིན་དུ་རྡོ་རྗེ་ལ་སྙོམས་པར
340a6 བཞུགས་ཏེ།བདེ་བ་ཆེན་པོའི་དམ་ཚིག་རྡོ་རྗེ་གསང་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་གསུང་སོ།།ཇི་ལྟར་ཆོས་ཀྱིས་བྲིསུ་ནས་ནི།།རྒྱལ་བ་གཡོན་དུ་བསྙེམས་འཛིན་པ།
340a7 དམ་ཚིག་མཆོག་གི་མཆོག་བཀོད་ནས།།ས་མ་ཡ་སྟྭཾ་ཞེས་བརྗོད།།དེ་བཞིན་གཤེགས་པ་སྲས་དང་བཅས།།རྡོ་རྗེ་མཚོན་ཆ་ལ་སོགས་བཟུང་།།བྱང་ཆུབ་སེམས་དཔའ་སེམས་ད




iiif viewer powered by OpenSeadragon

339b - 340b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba