| | e-texts navigator
|
339a1 ཆེན་པོ་རྡོ་རྗེ་ཡིད་ལས་བྱུང་བ་སོ།།རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྩེར་གཞུགས་པ་ལ་ནི་རྡོ་རྗེ་ཀི་ལི་ཀི་ལིའི་གསང་བསོ།།ཐམས་ཅད་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག
339a2 རྒྱ་ས།།ཐམས་ཅད་དང་བར་བྱ་བ་ལ་ནི་རྡོ་རྗེ་བསྙེམས་པས།།རྨི་ལམ་ངན་པ་བཟློག་པ་ལ་ནི་རྡོ་རྗེ་དག་གིསོ།།གཞན་དག་གིས་རང་འདོད་པའི་རྨི་ལམ་མཐོང་བར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་མཐོང
339a3 བས་སོ།།རྨི་ལམ་ངན་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བསྲེགས་ལུགས་ཀྱིས།།རྨི་ལམ་བཟང་བ་ཐམས་ཅད་སྒྲུབ་པ་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ལམ་གྲུབ་པསོ།།ནད་དང་གནོད་པ་ཐམས
339a4 ཅད་གསལ་བ་ལ་ནི་རྡོ་རྗེ་སྨན་གྱིསོ།།རིམས་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བཅུད་ཀྱིས་ལེན་གྱི་སོ།།དུས་མ་ཡིན་པར་འཆི་བ་གཞིག་པ་ལ་ནི་རྡོ་རྗེ་དུར་བསོ།།དམྱལ་བ་ལ་སོགས་པའི་ངན་འགྲོ
339a5 ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྡིག་པ་དྲལ་བསོ།།སྐུ་ཐམས་ཅད་སྒྲུབ་པ་ལ་རྡོ་རྗེ་སྐུའི་མཆོག་གིསོ།།གསུང་ཐམས་ཅད་སྒྲུབ་པ་ལ་ནི་རང་གི་ལྕེ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དངོས་པོ
339a6 ཐམས་ཅད་བདེན་པར་སྟོན་པའི་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གི་སོ།།ཐུགས་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་ཐུགས་ཐམས་ཅད་བསྐྱེད་པསོ།།རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ནི་རབ་ཏུ་དག་པའི
339a7 རྡོ་རྗེསོ།།དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་སོ།།ཕྱག་རྒྱ་ཐམས་ཅད་བཅིངས་པའི་དངོས་གྲུབ་ལ་ནི་རྡོ་རྗེ་གསོང་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོས།།ཐམས་ཅད་དམ
iiif viewer powered by OpenSeadragon
338b - 339b