| | e-texts navigator
|
337b1 བ་དང་།གཉིད་ལོག་པར་བྱ་བ་དང་།རྨོངས་པར་བྱ་བ་དང་།ལྐུགས་པར་བྱ་བ་དང་།རྒྱས་གདབ་པ་དང་།གསད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཤེད་བྱེད་ཀྱིས།།འཐབ་མོ་ཐམས
337b2 ཅད་ལས་རྒྱལ་བ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་དཔུང་རྒྱན་གྱིསཽ།།གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པསོ།།བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི
337b3 རྡོ་རྗེ་གསང་བའི་ཐབས་སྦྱོར་གྱིས།།དགྲ་པོ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཐོར་བསོ།།བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་ཏུ་འདུལ་བསོ།།
337b4 སྔོན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་ཆེན་པོསོ།།ཆར་དབབ་པ་ལ་ནི་རྡོ་རྗེ་གསང་བའི་བསྡིགས་མཛུབ་ཀྱི་སོ།།ཐོག་དབབ་པ་དང་།ཀློག་དང་།རླུང་དང་།ཆར་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི
337b5 སྒྲ་ནི་སྲུང་གིསོ།།སྤྲིན་དང་།མུན་པ་དང་།ཁུག་སྣ་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོའི་སྤྱན་གྱི་སོ།།ཀླུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱསོ།།ཀླུ་ཐམས་ཅད
337b6 དབང་དུ་བྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ནོར་བུའི་ཕྱག་རྒྱ་སོ།།ཀླུ་ཐམས་ཅད་རྗེསུ་འབྲང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདུལ་བསོ།།ཀླུ་ཐམས་ཅད་འབྱིན་པ་ལོ་ནི་རྡོ་རྗེ་གསང་བའི་ཀླུ་འདོན་པསོ།།
337b7 ས་མ་ལུས་པ་གརོ་ཞིང་འགུལ་བར་བྱ་བ་ནི་རྡོ་རྗེ་གསང་བའི་ཐར་པས།།ཆུ་མེད་པར་ཆུའི་ཕུང་པོ་ཆེར་བསིལ་ཞིང་དྲི་མ་མེད་པར་བསྐྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱསོ།།མུན་པར་ཉི་མའི་སྣང
iiif viewer powered by OpenSeadragon
337a - 338a