e-texts navigator
Collection
Volume
Page
Wylie

337a1 ཅད་ཐར་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཡི་གེ་མུ་སོ།།འཕྲ་མྱེན་མ་ཐམས་ཅད་ལས་ཐར་བར་བྱ་བ་ལ་དང་སྔོན་གྱི་གནས་སྐབས་རྗེ་སུ་སྦྱིན་པ་ལ་ནི་གསང་བ་ཆེན་པོ་ཧེ་རུ་ཀ
337a2 རྡོ་རྗེ་སོ།།མ་མའི་གདོན་ཐམས་ཅད་ལོས་ཐར་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དྲག་མོ་སོ།།འཕྲ་མེན་མ་ཐམས་ཅད་ཀྱིས་རྒྱས་བཏབ་པཾ་ལ་དང་།ཐར་པར་བྱ་བ་ལ་དང་།སྙིང་ཟོས་པ་ལས་སྙིང
337a3 གཞན་འབྱུང་བར་འཇུག་པ་དང་།ཤི་བ་གསོ་བ་ལ་ནི་དམ་ཚིག་ཆེན་པོ་གསང་བའི་ཧེ་རུ་ཀའི་རྡོ་རྗེའི་དབང་བསྐུར་བའི་ཕྱག་རྒྱ་སོ།།གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་གསང
337a4 བའི་རྡོ་རྗེསོ།།རིམས་ཐམས་ཅད་ཞི་བ་ལ་ནི་རྡོ་རྗེ་གསང་བའི་འབར་བའི་ལྟ་བས་སོ།།དུག་ཐམས་ཅད་གཞིག་པ་དང་།བཟའ་བ་དང་།འབབ་པ་དང་།འཆི་བ་གསོ་བ་ལ་ནི་གསང་བ་ཆེན་པོ
337a5 རྡོ་རྗེ་ནོར་བུའི་ཕྱག་རྒྱསོ།།དུག་ཐམས་ཅད་དང་།སྦྱར་བའི་དུག་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་ནི།རྡོ་རྗེ་གསང་བའི་དུག་མེད་པསོ།།གཤེད་བྱེད་ཐམས་ཅད་དང་།བྱད་དང་རོ་ལངས་དང་།
337a6 བྱུ་ར་དང་།གནོད་སྦྱིན་མོ་རྣམས་ཀྱི་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་སྦྱིན་སྲེག་གིསོ།།རྩོད་པ་ཐམས་ཅད་དང་།འཐབ་པ་དང་།འཐབ་མོ་དང་།རྩོད་པ་གཞིག་པ་ལ་རྡོ་རྗེ་གསང་བའི་ཞལ
337a7 རབ་ཏུ་གདངས་པསོ།།ཡམས་དང་།འཚེ་བ་ཐམས་ཅད་དང་།སྡིག་པ་དང་།རྨི་ལམ་ངན་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞི་བས་སོ།།གཞན་གྱི་དཔུང་ཐམས་ཅད་རེངས་པར་བྱ་བ




iiif viewer powered by OpenSeadragon

336b - 337b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba