| | e-texts navigator
|
336b1 ཆོ་འཕེལ་བར་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩི་སོ།།གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ནི།བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་གྱིས།།གཟི་བརྗིད་དང་ན་ཚད་ཤིན་ཏུ
336b2 བཟང་པ་རབ་ཏུ་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་གྱིསོ།།སྟོབས་དང་མདོག་འཕེལ་བ་ལ་ནི།བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུ་ཡིསོ།།དབང་བསྐུར་བ་ཐམས་ཅད་ལ
336b3 ནི་རྡོ་རྗེ་གསང་བའི་གཅོད་པན་གྱིསོ།།ནོར་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་ཕྱུག་གིསོ།།རྒྱལ་སྲིད་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་པོའི་ཕྱག་རྒྱསོ།།ས་མ་ལུས་པ་ཐོབ་པ
336b4 ལ་ནི་རྡོ་རྗེ་གསང་བའི་རྩལ་གྱིསོ།།ཐམས་ཅད་དབབ་པ་དང་གཡོ་བར་བྱས་པ་དང་།གར་བྱེད་དུ་གཞུག་པ་དང་།དུས་གསུམ་བདེན་པ་ཉིད་དུ་སླར་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ
336b5 ཚིག་གི་དོན་དུ་གཞུག་པསོ།།པྲ་ས་ན་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་གསང་བའི་པྲ་སེན་དབབ་པས།།གདོན་ཐམས་ཅད་ལས་ཐར་པ་ལ་ནི་རྡོ་རྗེ་གསང་བའི་རེངས་པསོ།།ཐམས་ཅད་གཉིད་ལོག་པར
336b6 བྱ་བ་ལ་ནི་རྡོ་རྗེ་གསང་བའི་གཉིད་ཀྱིསོ།།ཐམས་ཅད་རྒྱས་གདབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁའ་འགྲོ་མསོ།།ཐམས་ཅད་དུ་གསང་བས་ནི་རྡོ་རྗེ་གསང་བ་མཐར་བྱེད་ཀྱིསོ།།
336b7 ཐམས་ཅད་བསྒྱེལ་བ་ལ་ནི་རྡོ་རྗེ་གསང་བའི་ཧཱུཾ་མཛད་ཀྱིསོ།།ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གིས་བསླང་བའོ།།ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་གསང་བ་བཅིང་བསོ།།ཐམས
iiif viewer powered by OpenSeadragon
336a - 337a