e-texts navigator
Collection
Volume
Page
Wylie

335a1 བསྲིད་སེམས་ཅན་དན་ཏྟཱ་བྱུང་།།ཐམས་ཅད་དག་པའི་མཆོག་ཆོས་ཅན།།སྟཱར་སེམས་ཅན་ཀུན་གྱི་དོན།།དྲངོས་གྲུབ་ཐམས་ཅད་རབ་སྒྲུབ་པ།།ཛ་དྷྱ་རྒྱུ།
335a2 ཚོགས་ཕ་རོལ་ཕྱིན།།བྱང་ཆུབ་སྤྱོད་པ་མཆོག་གི་རིན།།དེ་བཞིན་གཤེགས་ནི་འདུལ་མིན་ལ།།སེམས་ཅན་ཀུན་རྣམས་དོན་མཛད་པ།།འདི་ནི་དངོས་གྲུབ་རབ་སྒྲུབ་ན།།དུས་ཀུན་ཏུ་ནི་ཐམས
335a3 ཅད་མཛད།།དེ་ནས་སྒྲིབ་འདི་བཤད་བྱ་སྟེ།།དངོས་གྲུབ་ཤིན་ཏུ་བརྟག་པ་ཡིན།།གང་གིས་སྲིད་པ་འདི་ཉིད་དུ།།ཤིན་ཏུ་བརྟགས་པའི་དངོས་གྲུབ་ཐོབ།།དཀྱིལ་འཁོར་དག་ཏུ་མ་ཞུགས
335a4 ཀྱང་།།དམ་ཚིག་རྣམ་པར་སྤངས་པའམ།།བསོད་ནམས་མེད་ཀྱང་ཐམས་ཅད་དུ།།སྲིད་པ་འདི་ལ་མྱུར་དུ་འགྲུབ།།གལ་ཏེ་དངོས་གྲུབ་སྨྲ་བ་འདོད་ན།།རྟག་ཏུ་ཡུལ་དང་ལྡན་གྱུར་ན།།
335a5 གསང་བའི་མཆོད་པས་མཆོད་ནས་ནི།།རང་རང་ཕྱག་རྒྱས་འགྲུབ་པར་འགྱུར།།དྲུག་ལྡན་ལ་སོགས་སྙན་པའི་གླུ།།ཆགས་པ་ཀུན་ཀྱང་ཕྱིར་འདོད་པར།།བཟླས་པའི་དོན་ནི་ཅི་ནུས་པས།།
335a6 རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ།།འདི་ཡིས་འདོད་པའི་ཀུན་དབང་ཕྱུག།ཅི་འདོད་འང་མཁའ་ལ་རྒྱུ།།དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།།ཀཽ་ཤི་མེད་ཅིང་གཙོ་བོར་འགྱུར།།རྒྱལ་བ
335a7 ཀུན་གྱིས་མཆོད་བྱས་ལ།།རོང་གཞན་ཀུན་གྱིས་བསྟན་བསྐུར་ཞིང་།།རྡོ་རྗེ་འཆང་ཆེན་དང་མཚུངས་ཤིང་།།དོན་ཡོད་ཀུན་སྤྱོད་པ་ཡིན།།བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོ་དེ་བཞིན




iiif viewer powered by OpenSeadragon

334b - 335b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba