| | e-texts navigator
|
334b1 འདི་སྐ་བརྗོད་པར་བྱ་སྟེ།ཐོག་མཐའ་རྒྱུ་ས་འགྲོ་བའང་།།དགའ་བས་མཆོག་པ་རག་པུས་ཏོ།།དོན་སུ་བ་འཚོན་པོ་རྡོ་རྗེར་འགྱུར།།སླར་རང་གཤེགས་པར་ནཱ་དད་དུ་གསོལ།།དུནས
334b2 སྙིམ་པའི་མེ་ཏོག་དོར་ནས་དབྱུང་བར་བྱའོ།།དཀྱིལ་འཁོར་ཡང་རང་ཉིད་ཀྱི་ཕྱོགས་ལ་རྡུལ་ཚོན་དེ་དག་གི་རིལ་བུ་བྱས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུརརོ།།དེ་ནས་བདེ་བ་ཆེན་པོ
334b3 རྡོ་རྗེ་དམ་ཚིག་གི་བདུད་རྩིའི་ཚུལ་དེ་ཡང་བཅུག་ན་ཚེ་འཕེལ་བ་ལ་སོགས་པའི་ལས་ཐམས་ཅད་དགོངས་པ་ཡིནོ།།དེ་ཉིད་ཀྱིས་དབང་བསྐུར་ན་ཡང་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དང
334b4 མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུ་རོ།།གལ་ཏེ་སྐུ་བྲི་བའི་རི་མོ་མཁན་མ་རྙེད་ན་རང་རང་གི་ཕྱག་མཚན་གྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ།།གལ་ཏེ་དེ་ཡང་མི་ཤེས་ན།ཕྱག
334b5 མཚན་བཞག་པར་བྱའོ།།ཕྱག་རྒྱའི་ཚིག་རྒྱས་པའོ།།དེ་ནས་བཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེང་པ་མྱུར་དུ་འགྲུབ་པའི་ཆོ་ག་རྒྱ་ཆེ་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས
334b6 པར་ཞུགས་ཏེ་རྣམ་པོར་གནོན་པར་མཛད་ནས་རྡོ་རྗེ་འཆང་ཆེན་པོས་འདི་གསུང་སོ།།བདེ་བ་ཆེན་པ་རབ་བསྒྲུབས་དང་།།འདོད་པ་ཆེན་པོ་རྣམས་དག་ཕྱིར།།རྡོ་རྗེ་སེམས་དཔའ་འགྲུབ་པ་ནི།
334b7 བརྟག་པར་མྱུར་དུ་བཤད་པར་བྱ།།ཅི་སྲིད་འཁོར་བའི་གནསུ་ནི།།དེ་སྲིད་སེམས་ཅན་གནོན་པར་བྱ།།མྱ་ངན་འདས་པ་བྱང་ཆུབ་སྒྲིབ།།དེ་ཉིད་ཀྱི་ནི་དམ་ཚིག་རྣམས།།ཇི་སྲིད་པ་ལ་གནས་པ་ནི།
iiif viewer powered by OpenSeadragon
334a - 335a