e-texts navigator
Collection
Volume
Page
Wylie

334a1 དེ་ནས་མཆོད་པ་བྱས་ལ།རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་དམ་ཚིག་ཕྱག་རྒྱ་མེ་ཏོག་དང་བཅས་པ་གཞུགས་པར་བྱ་སྟེ།བཅུག་ནས་རྣ་བར་འདི་སྐད་ཅེས་བརྗོད
334a2 པར་བྱའོ།།ཆགས་བྲལ་ཉིད་ཀྱིས་འདུལ་བར་འགྱུར།།འདོད་ཆགས་ཆེན་པོ་བདེ་བ་ཆེ།།རྡོ་རྗེ་སེམས་དཔའ་སྦས་པ་ཡིན།།འདོད་ཆགས་བྲལ་བ་ལྟ་བུ་ཡི།།སྡུག་བསྔལ་གཞན་ནི་རང
334a3 བཞིན་མེད།།དེ་བས་སེམས་ཅན་ཆགས་བྲལ།།སླར་ཡང་ཡིད་ནི་མ་བྱེད་ཅིག།དེ་ནས་མེ་ཏོག་ལ་སོགས་པ་སྙིང་པོ་འདིས་འདོར་དུ་གཞུག།ོཾ་མཱ་ཧཱ་སུ་ཁ་བཛྲ་སཏྭ་པྲ་ཏི་གྲྀཧྞ་ས་མ་ཡ
334a4 སྟེ།དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡི་ནོ།།དེ་ནས་དེ་ཁོ་ན་ཉིད་ཆེན་པོར་བརྗོད་པར་བྱའོ།།གང་འདོད་པའི་སྙིང་པོ་བྱིན་ལ་སྒྲུབ་ཏུ་བཅུག་ལ་རང་ཉིད་ལྷག་པའི་དབང་བསྐུར་བས་དབང
334a5 བསྐུར་ནས་དེའི་མཚན་མ་ལག་པ་གཉི་སུ་བྱིན་ཏེ།དེའི་རིགས་ཀྱི་མིང་གི་དབང་བསྐུར་ལོ་སྙིང་པོ་འདིས་དབང་བསྐུར་བར་བྱའོ།།ོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ཀོ་ཧཾ་བཛྲ་དྷ་ར་ས་མུ་ཁེ་བྷ་ཨ
334a6 བྷིཥོ་ཏཱཾ། བྷི་ཥིཉྩཱ་མི་གྲྀཧྞ་སིདྡྷི་བཛྲ་ཏཻ་ཨ་མོ་གྷ་སིདྡྷི་སྟྭཾ།དེ་ནས་ཕྱག་རྒྱ་བཅིངས་པ་བསླབ་པར་བྱའོ།།དེ་ནས་ཅི་འདོད་པའི་མཆོད་པ་བྱསཤང་བྱེད་དུ་བཅུག་ནས་ཅི་འདོད
334a7 པ་བཟའ་བ་དང་བཏུང་བས་སློབ་མོ་རྣམས་ཚིམ་པར་བྱས་ལ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་གར་དང་རྒོད་པ་བྱེད་དུ་བཅུག་ཅིང་རང་ཉིད་ཀྱིས་ཀྱང་བྱའོ།།དེ་ནས་ཐམས་ཅད་བཀྲད་ནས




iiif viewer powered by OpenSeadragon

333b - 334b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba