e-texts navigator
Collection
Volume
Page
Wylie

333b1 བྱིན་རླངས་གྱུར།།ང་སྔར་མ་བྱུང་དང་སོ་སོར་རླུང་རིག་པའི་བདེ་བ་གཉིས་ཀཱ་ལ་སྐྱེ་བར་འགྱུར།།ཕྲ་མོ་དབབ་པར་འགྱུར།།དེ་ནས་བཅོམ་ལྡན་འདས་གྲུབ་པར་གྱུར་ཏོ།།ཞེས་ཤེས་པར་བྱའོ།།དེ
333b2 ནས་དེ་བཞིན་དུ་འདུག་ལེ་ཅི་འདོད་པའི་བཟླས་བརྗོད་བྱའོ།།དེ་ནས་དེ་བཞིན་དུ་འདུག་ལ་རང་གི་བསོད་ནམས་ཀྱི་བྱིན་གྱིས་བརླངས་ཀྱིས་འདོད་པའི་དངོས་གྲུབ་ཐོབ་པར་འགྱུརརོ།།དེ་ནས་བརྩམས་ཏེ།
333b3 སེམས་དཔའ་ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་ཞིང་མཐོང་བར་འགྱུ་རོ།།དེ་རྣམས་ཀྱིས་ཀྱང་དེ་ལ་དངོས་གྲུབ་ཐམས་ཅད་རྩོལ་བར་མཛད།།ཕྱག་རྒྱ་ཐམས་ཅད་ཀྱང་བདག་རང་ཉིད་ཀྱིས་བཅིངས
333b4 ནས་ལས་ཐམས་ཅད་འགྲུབ་པར་འགྱུ་རོ།།དམ་ཚིག་ཐམས་ཅད་ཀྱང་འདི་ལ་བསྟན་པར་འགྱུ་རོ།།ཡིད་ཀྱི་འདོད་པའི་ལས་རྣམས་ཀྱང་བྱེད་པ་ཡིན།།བདེ་བ་དང་ཡིད་བདེ་བ་ཐོས་ཅད་ཉམ་སུ་མྱོང
333b5 ཞིང་གཞན་གྱིས་མི་ཐུབ་པ་དང་མི་སྡོད་པས་ལོ་གཅིག་འདས་ནས་སངས་རྒྱས་ཉིད་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐོབ་པ་ཡིན།།དེ་ནས་སེམས་ཅན་ཐམས་ཅད་ཞུགས་པའི་དོན་དུ་བརྟག་པར
333b6 བྱ་བ་ཡིན།།རྡོ་རྗེ་སློབ་དཔོན་རང་ཉིད་སྔ་མ་བཞིན་དུ་ལུས་ལ་བརྒྱན་ནས་རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རབ་ཏུ་བཅུག་ཏེ།དེ་བཞིན་དུ་དེ་ཁོ་ན་ཉིད་ཆེན་པོ་བསྐུལ་བས་ཡང་དག་པར
333b7 བོབསྐུལ་ལ་དགུག་པར་བྱ་ལ་འདི་སྐད་ཅེས་བརྗོད་དོ།།སྲིད་པའི་བདེ་བ་རྣམས་དག་ཕྱིར།།སྔར་གྱི་སྲིད་པ་ལ་ཁྱོད་དགའ།།འདོད་པ་ཀུན་གྱི་དངོས་གྲུབ་ཆེ།།འགྲོ་བ་ཀུན་ལའང་འགྲུབ་པར་གྱིས




iiif viewer powered by OpenSeadragon

333a - 334a

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba